འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་8ཉིན།

༄༅།།སྲིད་གྲོས་ཨུ་ཡོན་གྱིས་གཞི་རིམ་སྨན་བཅོས་ཐད་འདི་ལྟར་བཤད་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་08ཉིན། 15:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཚེས་5ཉིན་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“གྲོང་མིའི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་སོ་སོར་སླར་ཡང་སྒོར་30དང་སྒོར་5མཐོ་རུ་གཏོང་རྒྱུ་ཡིན”ཞེས་བསྟན་ཡོད། དེའི་ཐད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རྒྱལ་སའི་གསོ་རིག་སློབ་ཆེན་ཞོན་ཝུའུ་སྨན་ཁང་དབང་རྩའི་ཕྱི་བཅོས་ཚན་ཁག་གི་དབུ་བཞུགས་རིགས་གཅིག་མཁས་ཅན་ལིན་ཧྥུང་གིས་སྒོར་5ལ་མཐོང་ཆུང་བྱེད་མི་རུང་། དེས་གྲོང་ཚོའི་སྨན་པའི་གླ་ཕོགས་ཐོབ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་གྱི་འགྲོ་གྲོན་ཚད་གཞི་མཐོ་རུ་གཏོང་ཚེ་ཚད་གཞི་མཐོ་ཤོས་ཀྱི་ནུས་པ་འདོན་སྤེལ་ཐུབ་ནས། གྲོང་ཚོའི་སྨན་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་མ་ཐེབས་རྒྱུ་དང་གཞི་རིམ་གྱི་ནད་འགོག་སྨན་བཅོས་ནུས་པ་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད། 
     ཨུ་ཡོན་ལིན་ཧྥུང་གིས་དུས་ཡུན་རིང་པོའི་ནང་གཞི་རིམ་གྱི་སྨན་བཅོས་ལ་དོ་ཁུར་གནང་གི་ཡོད་པ་རེད། ཁོང་གིས་སྙན་ཞུའི་ནང“སྤུས་ལེགས་སྨན་བཅོས་ཐོན་ཁུངས་གྲོང་ཁྱེར་དང་རྫོང་དུ་ཁྱབ་སྤེལ་བྱ་རྒྱུ་སྐུལ་འདེད་གཏོང་ནས་གཞི་རིམ་གྱི་ནད་འགོག་ནད་བཅོས་ནུས་པ་ཆེ་རུ་གཏོང་དགོས”ཞེས་པའི་སྐད་ཆ་དེར་མྱོང་ཚོར་ཟབ་མོ་བྱུང་། དེ་ནི་ང་ཚོས་ཐོག་མཐའ་བར་གསུམ་དུ་སྒྲུབ་བཞིན་པའི་བྱ་བ་ཞིག་ཡིན་ལ་ང་ཚོས་མུ་མཐུད་ཡུན་རིང་འབད་བརྩོན་བྱེད་དགོས་པའི་ཁ་ཕྱོགས་ཤིག་ཀྱང་རེད་ཅེས་གསུངས་པ་རེད།