འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་8ཉིན།

༄༄༅།།ཏུང་ཚའེ་ཡུན་གྱིས་གསུངས་དོན། “བརྩེ་སེམས་འཕེལ་བ་དང་། བརྩེ་སེམས་སྲུང་བ། བརྩེ་སེམས་བརྒྱུད་བསྒྲགས”བཅས་བྱེད་མཁན་གྱི་སློབ་གསོའི་ལས་དོན་པ་ཞིག་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་08ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཟླ་2ཚེས་23ཉིན་ཏུང་ཚའེ་ཡུན་དེ་སྔ་དགེ་རྒན་གནང་སའི་ཁྲུའེ་མཱ་ཐན་སློབ་ཆུང་དུ་ཕེབས་ནས་ཕྲུ་གུ་ཚོར་སློབ་ཚན་ཁྲིད་བཞིན་པ།
འདི་ནི་ཟླ་2ཚེས་23ཉིན་ཏུང་ཚའེ་ཡུན་དེ་སྔ་དགེ་རྒན་གནང་སའི་ཁྲུའེ་མཱ་ཐན་སློབ་ཆུང་དུ་ཕེབས་ནས་ཕྲུ་གུ་ཚོར་སློབ་ཚན་ཁྲིད་བཞིན་པ།
     ཟླ་3ཚེས་5ཉིན་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི“འཐུས་མིའི་བགྲོད་ལམ”གྱི་བཅར་འདྲིའི་བྱེད་སྒོའི་ཐོག ཀན་སུའུ་ནས་ཡིན་པའི་འཐུས་མི་ཏུང་ཚའེ་ཡུན་གྱིས“བརྩེ་སེམས་མེད་ན་སློབ་གསོ་སྤེལ་མི་ཐུབ། སློབ་གསོའི་དོན་སྙིང་ནི་བརྩེ་སེམས་འཕེལ་བ་དང་། བརྩེ་སེམས་སྲུང་བ། བརྩེ་སེམས་བརྒྱུད་བསྒྲགས་བཅས་བྱས་ནས་ཕྱོགས་གང་སར་བརྩེ་སེམས་ཁེངས་པ་དང་ཕྲུ་གུ་ཚང་མའི་མི་ཚེ་ལསབཀྲག་མདངས་འཚེར་བའི་གོ་སྐབས་སྦྱིན་དགོས”ཞེས་གསུངས་པ་རེད།
     ཏུང་ཚའེ་ཡུན་གྱིས་དུས་ཡུན་རིང་པོར་གཞི་རིམ་གྱི་སློབ་གྲྭར་དགེ་རྒན་གནང་ཞིང་། 2018ལོར་ཁོང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ནས་ནུབ་རྒྱུད་གྲོང་གསེབ་ཀྱི་སློབ་གསོའི་ཆེད་གྲོས་འགོ་མང་པོ་བཏོན་པ་དང་། ད་བར་ཁོང་གིས་ས་ཁུལ་དབུལ་པོའི་ཤེས་ལྡན་མི་སྣ་དང་དགེ་རྒན་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ས་ཁུལ་དབུལ་པོར་མཐོ་སློབ་འཆར་འགོད་ཀྱིས་དམིགས་བཙུགས་སློབ་མ་བསྡུ་བ་སོགས་གྲོས་འགོ་30ལྷག་ཙམ་བཏོན་གནང་ཡོད།
     2021ལོར་ཏུང་ཚའེ་ཡུན་ལས་གནས་གསར་པ་ཞིག་ཏུ་སླེབས། ཁོང་གིས་ཀན་སུའུ་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་ལིན་ཞ་ཡན་ལག་སློབ་གྲྭའི་སློབ་སྤྱི་གཞོན་པའི་འགན་བཞེས། ས་ཕྱོགས་གང་དུ་ཕེབས་ཀྱང་ཁོང་གི“གྲོང་གསེབ་ཀྱི་སློབ་གསོ་དར་རྒྱས་གཏོང་བའི”ཐོག་མའི་བསམ་འདུན་ལ་འགྱུར་བ་སྤུ་ཙམ་ཡང་བྱུང་མྱོང་མེད།
     འདི་ལོའི་ཚོགས་འདུ་གཉིས་རིང་ཏུང་ཚའེ་ཡུན་གྱིས་མུ་མཐུད་སློབ་གསོར་དམིགས་ནས། ལས་རིགས་སློབ་གསོ་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་བྱེད་དགོས་པ་སོགས་ཀྱི་གྲོས་འགོ་བཏོན་གནང་ཡོད།