འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་7ཉིན།

༄༅།།ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་སློབ་གསོའི་
དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་07ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཉེ་དུས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནང་སོག་དགེ་འོས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཨ་ལགས་ཏན་ཚང་གིས་བཅར་འདྲི་དང་ལེན་གནང་སྐབས་སློབ་གསོས་རང་རྒྱལ་གྱི་མི་རིགས་ལས་དོན་ཁྲོད་དམིགས་བསལ་གྱི་འགན་འཁྲི་ཁུར་བཞིན་ཡོད་པ་དང་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་ཡུལ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་སློབ་གསོའི་བྱ་གཞག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད་མོད། འོན་ཀྱང་དངོས་ཕན་རང་བཞིན་ཐོབ་པར་ཧེ་བག་ངེས་ཅན་ཡོད་པ་དེ་ཞིབ་ཕྲ་ལས་ཀ་བྱེད་ཚད་དང་བྱེད་ཤུགས་དོ་སྙོམས་མེད་པ་དང་། རིག་གཞུང་གི་འདེགས་སྐྱོར་མི་འདང་བ། བླ་སྲོག་གཏོད་པ་དང་མི་གསོ་སྐྱོང་བྱེད་ཚད་གཏིང་ཟབ་པོ་མེད་པ་བཅས་ལས་མངོན་གྱི་ཡོད་ཅེས་བརྗོད་པ་རེད།
   ལམ་སྲོལ་འགན་ལེན་བྱེད་པའི་ཐད་ཨུ་ཡོན་ཨ་ལགས་ཏན་ཚང་གིས་ཡིག་ཆ་བཏོན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དེ་སྤྱོད་བཟང་དང་མི་སྣ་གསོ་སྐྱོང་བྱེད་པའི་ནང་དོན་གལ་ཆེན་ལ་བརྩིས་ཏེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་དར་ཆ་གསལ་སྟོན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དེ་སློབ་གཉེར་སློབ་བཅོས་དང་དཔེ་ཁྲིད་མི་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ་དང་། དཔྱད་དཔོག་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་དང་ཞིབ་ཚགས་སུ་བཏང་སྟེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་ཕྲའི་ལས་འགན་འགྱུར་མེད་དམིགས་ཚད་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ། ཁྲིམས་ལྟར་སློབ་གྲྭ་གཉེར་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དེ་འབྲེལ་ཡོད་སློབ་གསོའི་ཁྲིམས་སྲོལ་དུ་བཅུག་སྟེ་བཅའ་ཁྲིམས་འགན་ལེན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་སྐུལ་འདེད་གཏོང་དགོས་ལུགས་བརྗོད་ཡོད།
   ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གྲྭའི་སློབ་གསོའི་ཐད་ཨ་ལགས་ཏན་ཚང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དེ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དུ་བཀོད་སྒྲིག་བྱས་ཏེ་རིགས་ཁག་གི་སློབ་ཚན་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོའི་གཞི་རྒྱུ་སྣོན་པ་དང་། སློབ་སྦྱོང་གི་བརྒྱུད་རིམ་ཁག་ལ་ཕྱོགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོའི་སློབ་དེབ་དང་སློབ་ཁྲིད་རྩ་འཛིན་དུས་ཚོད་དམ་འཛིན་གྱིས་འདོན་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སློབ་གྲྭ་ཁག་གཅིག་གསོ་སྐྱོང་དང་འཛུགས་པ། མི་རིགས་སློབ་མ་གཅིག་སྡུད་ཀྱི་སློབ་གླིང་དང་སློབ་གྲྭ་དང་མི་རིགས་ས་ཁུལ་གྱི་དགེ་འོས་རིགས་ཀྱི་སློབ་གླིང་དང་སློབ་གྲྭར“རྒྱལ་ཁབ་ཀྱི་སྐད་ཡིག་ཁྱབ་གདལ་རྟེན་གཞི”བཙུགས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ལ་ཤེས་ལྡན་མི་སྣ་མཁོ་འདོན་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།
   ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་རྟེན་གཞི་འཛུགས་པའི་ཐད་ཨ་ལགས་ཏན་ཚང་གིས་རྒྱལ་ཁབ་རིམ་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་རྟེན་གཞི་བཀོད་སྒྲིག་དང་། མི་རིགས་ལས་དོན་གྱི་རིག་གཞུང་དང་ལག་ལེན་གྱི་ཚན་ཞིབ་རྣམ་གྲངས་གལ་ཆེན་འཛུགས་པ། མི་རིགས་རིག་པའི་སློབ་ཚན་ཆེད་ལས་ལེགས་སྒྲིག་སོགས་ལ་རྒྱབ་སྐྱོར་དང་ཁྲིད་སྟོན་གལ་ཆེན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་དང་ཀྲུང་གོའི་ཉམས་འགྱུར་ལྡན་པའི་མི་རིགས་རིག་པའི་སློབ་ཚན་མ་ལག་དང་། རིག་གཞུང་མ་ལག སྐད་ཆའི་མ་ལག་བཅས་གང་མགྱོགས་འཛུགས་དགོས། ད་ཡོད་ཀྱི་རིགས་ཁག་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཞིབ་འཇུག་རྟེན་གཞིར་ཆེད་དོན་བརྟག་ཞིབ་བྱས་ཏེ་རྟེན་གཞི་ཁག་གི་རྨང་གཞིའི་གཏོང་ཆ་དང་། ཚོགས་པ་འཛུགས་པ། རྣམ་གྲངས་ཞིབ་འཇུག འཕེལ་རྒྱས་ཀྱི་ཐབས་ལམ། འཛུགས་སྐྲུན་གྱི་དཀའ་གནད་སོགས་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ་རྟེན་གཞིས་ཇི་ལྟར་བྱས་ནས་སྲིད་དོན་སྐྱོང་རོགས་ཀྱི་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱས་ཏེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཐབས་ལམ་མཁོ་འདོན་བྱེད་དགོས།