འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་6ཉིན།

༄༅།།ཅང་ཤིས་ཏེ་ཤིང་དུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞེ་ཅན་ཧུའེ་ཡིས་འཐབ་ས་དང་པོར་ཧུར་བརྩོན་ཆེན་པོས་ལས་དོན་བསྒྲུབས་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་06ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤེས་རྟོགས་བྱུང་བར་གཞིགས་ན། ཅང་ཤིས་ཟངས་ལས་ཚོགས་པ་ཏེ་ཤིང་ཟངས་གཏེར་ཅིང་ཝུའེ་ཕྱོགས་བསྡུས་བཟོ་གྲྭའི་ཁྲང་ཀྲང་གཞོན་པ་ཞེ་ཅན་ཧུའེ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་ཡིན་ཞིང་། རྒྱལ་ཡོངས་ཀྱི“ལྔ་གཅིག”ངལ་རྩོལ་བྱ་དགའི་གཟེངས་རྟགས་ཐོབ་མྱོང་ཡོད། རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས”འཚོག་ཉེར་ཡོད་པའི་སྐབས་སུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁོང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་སྔར་ལས་ལེགས་པ་འཁུར་ཆེད། དཀའ་ངལ་ལ་མ་འཛེམ་པར་སྡེ་ཁག་དང་། གཞི་རིམ། ཚན་ཁག་དང་ཚོགས་ཆུང་བཅས་སུ་བསྐྱོད་དེ་གཞི་རིམ་གྱི་ལས་མིའི་བསམ་བློ་གཏོང་ཡུལ་དང་། རེ་སྒུག་བྱ་ཡུལ། འདོད་འདུན་བཅས་ཤེས་རྟོགས་གནང་།