འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་5ཉིན།

༄༅།།སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྙིང་བསྡུས་མ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་05ཉིན། 17:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་3ཚེས་5ཉིན་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་དང་། གཙོ་གནད་གཤམ་གསལ།
    གཅིག ན་ནིང་ལོའི་ལས་དོན། 
    རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ་8.1འཕར་བ། 
   གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་དངོས་ཡོད་ཡོང་འབབ་8.1%འཕར་བ། 
   གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1269གསར་དུ་ལས་ཞུགས་ཐུབ་པ། 
   གསར་དུ་འཕར་བའི་ཁྲལ་འཕྲི་རིན་གཅོག་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་བ། 
   རིམས་འགོག་སྨན་ཁབ་ཀྱི་བརྒྱུད་རིམ་ཧྲིལ་པོར་སྨན་ཁབ་ཁྱབ་ཚད་85%ལས་བརྒལ་བ།  
   གཉིས་པ། ད་ལོའི་སྔོན་དཔག་དམིགས་ཚད། 
   རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་5.5%ཡས་མས་འཕར་རྒྱུ། 
   གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1100ཡན་གསར་དུ་ལས་ཞུགས་ཐུབ་རྒྱུ། 
   གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་ཟིན་རྒྱུ། 
   འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་རྒྱུ། 
   གསུམ། ད་ལོའི་གཙོ་གནད་ལས་དོན་ཁག་ཅིག 
   ནོར་སྲིད་ཐད། ད་ལོའི་མཚལ་ཡིག་གི་ཚད་2.8%ཙམ་ལ་གཞིགས་ནས་བཀོད་སྒྲིག་བྱ་རྒྱུ། ཀྲུང་དབྱང་གིས་ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་ཚད་སྒོར་དུང་ཕྱུར་ཁྲི་1.5ཙམ་དང་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་9.8ཙམ་མང་དུ་གཏོང་རྒྱུ། 
   སྲིད་གཞུང་གི་མ་འཇོག་ཐད། ད་ལོ་ས་གནས་སྲིད་གཞུང་གི་ཆེད་དོན་བུན་འཛིན་སྒོར་དུང་ཕྱུར་ཁྲི་3.65བཀོད་སྒྲིག་བྱ་རྒྱུ། 
   དཔྱ་ཁྲལ་ཆག་ཡང་གཏོང་རྒྱུའི་ཐད། སྔོན་རྩིས་བྱས་ན་ལོ་ཧྲིལ་པོའི་ཁྲལ་སློག་གི་དཔྱ་ཁྲལ་སྒོར་དུང་ཕྱུར་ཁྲི་2.5ཙམ་ཆག་ཡང་གཏོང་རྒྱུ་དང་། དེའི་ནང་ནས་ཚབ་འཐེན་ཁྲལ་སློག་སྒོར་དུང་ཕྱུར་ཁྲི་1.5ཙམ་བྱ་རྒྱུ། 
   ལས་ཞུགས་ཐད། སྒོར་དུང་ཕྱུར་1000གི་ལས་ཤོར་འགན་བཅོལ་ཐེབས་རྩ་སྤྱད་དེ་ལས་གནས་བརྟན་པོ་དང་གསོ་སྦྱོང་ལ་རྒྱབ་སྐྱོར་བྱ་རྒྱུ། 
   སྲིད་དོན་ཞབས་ཞུའི་ཐད། “ཞིང་ཆེན་སྒྲོལ་ནས་གཉེར་བའི”ཁྱབ་ཁོངས་ཆེ་རུ་བཏང་ནས། གློག་རྡུལ་ལག་ཁྱེར་ཕན་ཚུན་ཁས་ལེན་ཐུབ་པ་བྱ་རྒྱུ། 
   འཛད་སྤྱོད་ཐད། ནུས་རྒྱུ་གསར་པའི་རླངས་འཁོར་གྱི་འཛད་སྤྱོད་ལ་མུ་མཐུད་རྒྱབ་སྐྱོར་བྱས་ནས། ས་གནས་ཀྱིས་ལྗང་མདོག་རིག་ནུས་ཁྱིམ་སྤྱོད་གློག་ཆས་གཤམ་སྤྲོད་དང་རྙིང་ཚབ་གསར་མཐུད་བྱ་རྒྱུར་ལྕག་སྐུལ་བྱ་རྒྱུ། 
   གསར་གཏོད་ཐད། རྨང་གཞིའི་ཞིབ་འཇུག་གི་ལོ་བཅུའི་འཆར་འགོད་ལག་བསྟར་དང་། ཚན་རྩལ་སྒྲིག་སྲོལ་བསྒྱུར་བཅོས་ཀྱི་ལོ་གསུམ་འགག་སྒྲོལ་ཇུས་གཞི་ལག་བསྟར་བྱ་རྒྱུ། 
   གྲོང་གསེབ་དར་རྒྱས་གཏོང་བའི་ཐད། དབུལ་སྒྲོལ་ས་ཁུལ་གྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་སྤེལ་རྒྱུ། 
   སྒོ་དབྱེའི་ཐད། རྒྱལ་ཁབ་དང་ས་ཁུལ་དེ་བས་མང་བ་དང་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་གྲོས་ཆོད་ལ་གྲོས་མོལ་བྱས་ནས་མིང་རྟགས་འགོད་རྒྱུར་སྐུལ་འདེད་གཏོང་རྒྱུ། 
   ཁོར་ཡུག་སྲུང་སྐྱོང་ཐད། ནུས་རྒྱུ་གྲོན་ཆུང་དང་ཆུ་གྲོན་ཆུང་བྱེད་པ་དང་དངོས་རྫས་རྙིང་པ་འཁོར་རྒྱུག་ངང་སྤྱོད་པ་སོགས་ཁོར་ཡུག་སྲུང་སྐྱོང་ཐོན་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ། 
   སློབ་གསོའི་ཐད། འོས་འགན་སློབ་གསོའི་དུས་མཚམས་ཀྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་རྒྱུ། 
   སྨན་བཅོས་འགན་བཅོལ་ཐད། གྲོང་མིའི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགྲོ་གྲོན་མི་རེར་ཆ་སྙོམས་ནོར་སྲིད་ནས་ཁ་གསབ་སྤྲོད་པའི་ཚད་གཞི་སླར་ཡང་སྒོར་30དང་སྒོར་5མཐོ་རུ་གཏོང་རྒྱུ། 
   སྤྱི་ཚོགས་འགན་སྲུང་ཐད། ཕྲུ་གུ་གསུམ་གྱི་བུ་བཙའི་སྲིད་ཇུས་ཀྱི་ཆ་སྒྲིག་བྱེད་ཐབས་འཐུས་ཚང་དུ་གཏོང་སྟེ། ཀུན་ཕན་བུ་བཙའི་ཞབས་ཞུ་འཕེལ་རྒྱས་གཏོང་རྒྱུ། 
   སྡོད་ཁང་ཐད། འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་དང་། ཡུན་རིང་གི་བོགས་གཏོང་ཁང་པའི་ཚོང་ར་འཕེལ་རྒྱས་མགྱོགས་སུ་གཏོང་བ། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ། 
   ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ལས་དོན་ཐད།ཤང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་“ཐའེ་ཝན་རང་བཙན་”ཁ་ཕྲལ་གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ།