འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་4ཉིན།

༄༅།།སོ་འཛུགས་སྨན་ཡོན་དེ་སྨན་བཅོས་འགན་བཅོལ་ནང་འཇུག་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་04ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། WHOཡིས་བསྡོམས་རྩིས་བྱས་པ་ལྟར་ན། ཁ་སྦུག་ནད་ནི་སྐྲན་ནད་དང་ཀླད་པའི་ཁྲག་རྩའི་ནད་རྗེས་ཀྱི་ནད་རིགས་ཆེན་པོ་གསུམ་པར་བཞག་ཡོད། སོ་འཛུགས་ཀྱི་འགྲོ་གྲོན་མཐོ་ལ་འགྲོ་གྲོན་ཚང་མ་སྨན་བཅོས་འགན་བཅོལ་ནང་བཅུག་མེད་པས་རྒྱལ་དམངས་ཀྱི་ཁ་སྦུག་བདེ་ཐང་ཡོང་བའི་འགོག་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། སོ་འཛུགས་རྒྱུའི་རིན་གོང་ཧ་ཅང་མཐོ་བ་ནི་གཙོ་བོ་ཉོ་སྒྲུབ་བྱེད་སྟངས་ཀྱིས་བཟོས་པ་ཡིན། 
     ཨུ་ཡོན་ཡུས་ཞིན་ཝའེ་ཡིས་གྲོས་འགོ་འདོན་རྒྱུར། ཞིང་ཆེན་བར་གྱི་དུས་འགོའི་བརྟག་དཔྱད་ཞིབ་འཇུག་གི་ལས་དོན་ལ་སྐུལ་འདེད་མགྱོགས་སུ་བཏང་སྟེ་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་བསྡུ་ལེན་བྱེད་འགོ་འཛུགས་དགོས། རྒྱུ་ཆ་ཉོ་སྒྲུབ་ཀྱི་མ་གནས་དེ་སྨན་བཅོས་འགན་བཅོལ་ཐེབས་རྩའི་རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ཀྱི་ཆ་ཤས་ནང་བཅུག་ནས་འགྲོ་སོང་རྩིས་ཞུ་བྱེད་པར་མ་ཟད། ཁ་སྦུག་སྨན་བཅོས་ཚོང་ལས་འགན་བཅོལ་གྱི་ནུས་པ་འདོན་སྤེལ་བྱེད་དགོས། ལུགས་མཐུན་ངང་ཁ་སྦུག་ཐོན་ལས་ཀྱི་ཆེད་སྤྱོད་ཐེབས་རྩ་བསྡུ་ལེན་བྱས་པ་བརྒྱུད་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་མ་དངུལ་རྒྱབ་སྐྱོར་འདང་ངེས་བྱེད་དགོས།
     དེ་དང་ཆབས་ཅིག་སོ་འཛུགས་རྒྱུ་དང་ཁ་སྦུག་གི་སྨན་བཅོས་ཡོ་བྱད་དང་དེ་བཞིན་སོ་ཚན་བརྙན་ཕབ་སྒྲིག་ཆས་སོགས་དཀའ་ངལ་ཡོད་པའི་ཁྱབ་ཁོངས་འགག་སྒྲོལ་བྱས་ཏེ་རྒྱལ་ཡོངས་ཀྱི་སོ་ཚན་རྒྱུ་ཆ་གསར་པ་དང་། བཟོ་རྩལ་གསར་པ། བཟོ་སྐྲུན་གསར་པ་སོགས་ཚན་ཞིབ་ལས་དོན་བཀོད་སྒྲིག་བྱས་ནས་རང་རྒྱལ་གྱིས་བཟོས་པའི་སོ་རྒྱུ་ཞིབ་འཇུག་གསར་སྤེལ་དང་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཁ་སྦུག་ནད་སྨན་བཅོས་ཞབས་ཞུའི་ཚད་གཞི་འཐུས་ཚང་དུ་གཏོང་བ་དང་། སྨན་བཅོས་སྒྲིག་གཞིའི་གྲོན་བསྡུའི་ཚད་གཞི་ཚད་ལྡན་དུ་གཏོང་བ། ཁ་སྦུག་ཐོན་ལས་ཕྲེང་ཐག་གི་ལྷུ་ཚིགས་ཁག་གི་དེ་མཚུངས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་དགོས། སོ་སྨན་ལས་དོན་མི་སྣ་གསོ་སྐྱོང་དང་མཁོ་སྤྲོད་བྱེད་ཚད་མགྱོགས་སུ་བཏང་ནས་རྒྱལ་སྤྱི་ཅན་དང་ཁོད་ཡངས་རང་བཞིན་གྱི་ལས་གཉེར་ཐོབ་ཐང་དཔྱད་ཞིབ་དང་ཞིབ་དཔྱད་གཏན་འཁེལ་གྱི་ཚད་གཞི་བཟོ་དགོས།