འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་4ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སུང་པའོ་ཨན་གྱིས་གསུངས་དོན། དཔྱད་རྩོམ་གྲོང་གསེབ་དར་རྒྱས་ཀྱི་ས་གཞི་ཆེན་པོར་འབྲི་དགོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་04ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཀུའེ་དབྱང་ནས་གློག་འཕྲིན་འབྱོར་གསལ། དཔྱིད་གསར་དུས་ཆེན་གྱི་ངལ་གསོ་མཇུག་འགྲིལ་མ་ཐག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། ཀུའེ་ཀྲོའུ་སློབ་ཆེན་གྱི་སློབ་སྤྱི་བཅས་ཡིན་པའི་སུང་པའོ་ཨན་གྱིས་ཀུའེ་ཀྲོའུ་ཕུང་ཀང་དང་། ཀྲེན་ཧྥུང་། ཆིང་ཀྲེན་སོགས་ཇ་ལོ་ཐོན་ཁུལ་གཙོ་བོར་བརྟག་ཞིབ་བྱེད་པར་བསྐྱོད་དེ་ས་གནས་དེ་གའི“ཇ་གཙང་མ”དང“སྐྱེ་ཁམས་ཇ”ཐོན་སྐྱེད་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་རེད། རྩི་ཤིང་སྲུང་སྐྱོང་དང་ཞིང་ལས་ཀྱི་ནད་འབུའི་གནོད་འཚེ་ལྗང་མདོག་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་བརྗོད་གཞིའི་སྐོར་གླེང་རིམ་བཞིན་སུང་པའོ་ཨན་གྱིས་རྟག་ཏུ་སྙིང་སྟོབས་ཆེར་སྐྱེད་ཀྱིས་དེ་ནི་ངས་མི་ཚེ་ཕྱེད་ཀ་ལྷག་ཙམ་རིང་ལེགས་སྐྱེས་ཕུལ་བའི་ཚན་ཞིབ་བྱ་གཞག་ཅིག་རེད་ཅེས་བརྗོད་ཀྱི་ཡོད།
     “ངས་ཐོག་མཐའ་བར་གསུམ་དུ་རྩི་ཤིང་སྲུང་སྐྱོང་ཞིབ་འཇུག་དང་། ལྷག་པར་དུ་ལོ་དེ་དག་ནང་ཀུའེ་ཀྲོའུ་ཡི་ཇའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་གཞོལ་བཞིན་ཡོད། ང་དང་ཚོགས་པས་ཇ་ལོའི་ནད་འབུའི་གནོད་འཚེ་ལྗང་མདོག་སྔོན་འགོག་དང་ཚོད་འཛིན་གྱི་ཞིབ་འཇུག་ལ་གཙོ་གནད་དུ་དམིགས་ཏེ། ཞིང་ཆེན་དེ་ཡོངས་ཀྱི་ཇའི་ཐོན་ལས་འཕེལ་རྒྱས་འགྲོ་བར་རོགས་རམ་བྱེད་ཀྱི་ཡོད”ཅེས་སུང་པའོ་ཨན་གྱིས་བརྗོད།
     རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་ཚོད་ལྟ་ཁུལ་ཞིག་ཡིན་པའི་ཀུའེ་ཀྲོའུ་ཞིང་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་དང་སྐྱེ་ཁམས་ཀྱི་མཐའ་ཚད་གཉིས་བརྟན་སྲུང་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ལྗང་མདོག་དཔལ་འབྱོར་གྱི་མངོན་མེད་སྟོབས་ཤུགས་སྔོག་འདོན་ཧུར་ཐག་བྱས་ནས་ཇའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ད་ཆ་ཀུའེ་ཀྲོའུ་རུ་ཇ་འདེབས་ཁྱོན་མུའུ་ཁྲི་700ཟིན་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
     “ལོ་དེ་དག་ནང་དམངས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་དང་། དམངས་ཀྱི་བསམ་འདུན་གང་ལེགས་མཚོན་པ། དམངས་ཀྱི་བློ་གྲོས་རྒྱ་ཁྱབ་ངང་གཅིག་སྡུད་བཅས་བྱ་རྒྱུ་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་གལ་ཆེན་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ས་ཁུལ་གྱི་ཞིང་ལས་ཐོན་ལས་ལ་འཕྲད་པའི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱ་རྒྱུ་དེ་རེད”སུང་པའོ་ཨན་གྱིས་ནད་འབུའི་གནོད་འཚེ་ལྗང་མདོག་སྔོན་འགོག་དང་ཚོད་འཛིན་གྱི་ལག་རྩལ་ཟམ་མི་ཆད་པར་མཐོ་རུ་བཏང་བ་བརྒྱུད་ཀུའེ་ཀྲོའུ་ཡི་ཇའི་ཐོན་ལས་འཕེལ་རྒྱས་དང་ཇ་འདེབས་ཞིང་པའི་འབབ་འཕར་ལ་མུ་མཐུད་སྲུང་སྐྱོང་ཐུབ་ཡོད།
     ལོ་མང་རིང་། སུང་པའོ་ཨན་གྱིས“སྐྱེ་ཁམས་རྩ་བར་འཛིན་པ་དང་། ཞིང་ལས་ལག་རྩལ་རྩ་བར་འཛིན་པ། སྐྱེ་དངོས་སྔོན་འགོག་གཙོ་བོར་བྱེད་པ”བཅས་ཀྱི་ལྗང་མདོག་སྔོན་འགོག་དང་ཚོད་འཛིན་ལག་རྩལ་གྱི་མ་ལག་བཙུགས་ནས“འབུ་ཡིས་འབུ་བཅོས་པ་དང་། རྩྭ་ཡིས་རྩྭ་འགོག་པ། ནད་འགོག་འགོག་བཅོས”བཅས་ཀྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཁྱབ་གདལ་ཤུགས་ཆེན་བཏང་ཡོད།
     ད་ཆ་འདུ་ཤེས་དང་ལག་རྩལ་དེ་རིགས་ཀུའེ་ཀྲོའུ་རུ་རྒྱུན་མཐུད་ངང་སྤྱོད་བཞིན་ཡོད་པས། ཀུའེ་ཀྲོའུ་ཡིས་ལྗང་མདོག་ཇ་ཞིང་སྐྱེད་སྲིང་ཤུགས་ཆེན་བྱེད་པ་དང་། ཇ་ལོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། མཛེས་སྡུག་ལྡན་པའི་གྲོང་གསེབ་གཏོད་པ་བཅས་ཀྱི་ཐད་ཤུགས་རྐྱེན་ཟབ་མོ་ལྡན་ཡོད།
     ལོ་དེ་དག་ནང་སུང་པའོ་ཨན་དང་ཚོགས་པ་ཀུའེ་ཀྲོའུ་ཡི་ཇ་ལོ་ཐོན་ཁུལ་མི་ཉུང་བ་ཞིག་ཏུ་བསྐྱོད་དེ་ཞིང་པས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ཁྱེར་ནས་ཞིང་ལས་འཕེལ་རྒྱས་ཀྱི་དཀའ་གནད་ལ་དམིགས་ཏེ་བརྟག་ཞིབ་དང་འཚོལ་བསྡུ་ཐུབ་པའི་དམངས་ཀྱི་གནས་ཚུལ་གྲོས་གཞིའི་ནང་བཀོད་ཡོད།
     ཀུའེ་ཀྲོའུ་སློབ་ཆེན་གྱི་སློབ་སྤྱི་ཡིན་པའི་སུང་པའོ་ཨན་གྱིས་ལོ་ལྟར་གྱི་གྲོས་གཞིའི་ནང་དབུས་ནུབ་ས་ཁུལ་གྱི་མཐོ་རིམ་སློབ་གསོར་རོགས་སྐྱོར་བྱ་རྒྱུའི་རེ་འབོད་ཡང་ཡང་བྱེད་ཀྱི་ཡོད། “ཀུའེ་ཀྲོའུ་དང་ཐ་ན་དབུས་ནུབ་ས་ཁུལ་ཧྲིལ་པོར་རྒྱུན་མཐུད་འཕེལ་རྒྱས་གཏོང་དགོས་ན་ངེས་པར་དུ་རིམ་པ་མཐོ་བའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་དེ་བས་མང་བ་དགོས་པ་དང་། ས་ཁུལ་གྱི་མཐོ་རིམ་སློབ་གསོ་ཡག་པོ་གཉེར་རྒྱུ་དེ་གལ་འགངས་ཧ་ཅང་ཆེ་བ་ཞིག་རེད” སུང་པའོ་ཨན་གྱིས་ལོ་དེ་དག་ནང་གྲོས་གཞིར་རྒྱུན་མཐུད་ངང་དོ་ཁུར་བྱས་པ་བརྒྱུད་གནད་དོན་མི་ཉུང་བ་ཞིག་ལ་རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་དང་ལན་བཏབ་པ་དཔེར་ན། ཀྲུང་དབྱང་དང་ཀུའེ་ཀྲོའུ་ཞིང་ཆེན་གྱིས་རིམ་པ་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་དང་ནང་འདྲེན་བྱེད་པའི་ཐད་ཀུའེ་ཀྲོའུ་སློབ་ཆེན་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་མང་པོ་བྱས་པ་ལྟ་བུ་རེད་ཅེས་གསུངས་པ་རེད།
     རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་ཉེར་ཡོད་པའི་སྐབས་སུ། སུང་པའོ་ཨན་གྱིས་གྲོས་གཞི་འཐུས་ཚང་དུ་ཧུར་ཐག་གཏོང་བཞིན་ཡོད། “ཀུའེ་ཀྲོའུ་ཡི་མཐོ་རིམ་སློབ་གསོ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བའི་གོ་སྐབས་གསར་པ་དམ་འཛིན་བྱས་ཏེ་ངས་པུའུ་དང་ཞིང་ཆེན་མཉམ་སྐྲུན་གྱི་བླང་བྱ་དོན་འཁྱོལ་བྱ་རྒྱུར་རེ་འབོད་ཧུར་ཐག་བྱས་ནས་ཀུའེ་ཀྲོའུ་སློབ་ཆེན་རྩེར་སོན་སློབ་ཆེན་དུ་གཏོད་རྒྱུར་མུ་མཐུད་རྒྱབ་སྐྱོར་དང་འབྲེལ་གྲོང་གསེབ་དར་རྒྱས་འཛུགས་སྐྲུན་དང་རིག་ཚན་རྣམ་པའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་བསྐྱར་སྒྲིག་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་དོ་ཁུར་བྱས་ནས‘ཞིང་གསུམ’གྱི་འཕེལ་རྒྱས་གསར་པ་དང་འགུལ་ཕྱོགས་གསར་པར་དམིགས་ཏེ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱ་རྒྱུ་ཡིན”ཞེས་སུང་པའོ་ཨན་གྱིས་གསུངས།