འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་3ཉིན།

༄༅།།ཕན་འབྲས་དེ་བས་ཆེ་བའི་སྒོ་ནས་འཐབ་ཇུས་རྣམ་པའི་སྐྱེལ་སྤྲོད་སྟོབས་ཤུགས་བེད་སྤྱོད་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་03ཉིན། 08:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་མཁའ་སྐྱོད་དམག་གི་ཐོན་ཤོག་ཅིག་གི་ཐོན་ཀྲང་གཞོན་པ་ཧྥེང་ཝུའེ་ཡིས་གནམ་གྲུ་མ་འཕུར་གོང་ཞིབ་བཤེར་བྱེད་བཞིན་པ།
འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་མཁའ་སྐྱོད་དམག་གི་ཐོན་ཤོག་ཅིག་གི་ཐོན་ཀྲང་གཞོན་པ་ཧྥེང་ཝུའེ་ཡིས་གནམ་གྲུ་མ་འཕུར་གོང་ཞིབ་བཤེར་བྱེད་བཞིན་པ།
   “ཕྱོགས་སྡོམ་བྱེད་པའི་ཁྲོད་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཚེ། གཞི་ནས་དཔུང་སྡེའི་འཐབ་ཇུས་རྣམ་པའི་སྐྱེལ་སྤྲོད་ལས་འགན་སྒྲུབ་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་ཐུབ”ཅེས་ནུབ་རྒྱུད་འཐབ་ཁུལ་གྱི་མཁའ་དམག་མཁའ་སྐྱོད་དམག་གི་ཐོན་ཤོག་ཅིག་གི་ཐོན་ཀྲང་གཞོན་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྥེང་ཝུའེ་ཡིས་གསུངས། འཕུར་སྐྱོད་པ་རྣམས་དང་མཉམ་དུ་ཉིན་དེའི་འཕུར་སྐྱོད་གནས་ཚུལ་གྲོས་བསྡུར་བྱེད་པ་ནི་ཁོང་གི་ཉིན་རེའི་ལས་ཀ་གལ་ཆེ་ཤོས་ཤིག་རེད།
   ཧྥེང་ཝུའེ་ཡོད་སའི་དཔུང་སྡེ་2014ལོར་བཙུགས་པ་དང་། དཔུང་སྡེ་དེར་སྐྱེལ་འདྲེན-8རྟགས་ཅན་དང་། སྐྱེལ་འདྲེན-9རྟགས་ཅན། སྐྱེལ་འདྲེན-20རྟགས་ཅན་སོགས་དམག་འཐབ་གནམ་གྲུ་སྣ་ཚོགས་ཡོད་པ་དེའི་ཁོངས་སུ་རང་རྒྱལ་ནས་བཟོས་པའི་སྐྱེལ་འདྲེན་གནམ་གྲུ་ཚང་མ་སྤྱིའི་ཆ་ནས་ཚུད་ཡོད།
   “དམག་ཁོངས་སུ་སྤྲད་ཚུན་སྐྱེལ་འདྲེན-20རྟགས་ཅན་གྱིས་ལས་འགན་སྣ་ཚོགས་སྒྲུབ་པའི་ཚོད་བགམ་ཐེག་ཐུབ་པ་དང་། ག་དུས་ཡིན་རུང་བདེ་ལྕག་འཁྱུག་པ་དང་། མགྱོགས་མྱུར་བཀོད་སྒྲིག་ཐུབ་པ། ས་ཁོངས་ཡོངས་སུ་འབྱོར་བ་བཅས་ཀྱི་ཐོག་ནས་འཐབ་ཇུས་རྣམ་པའི་སྐྱེལ་སྤྲོད་ཀྱི་ནུས་པ་ཆེན་པོ་མངོན་པ་མ་ཟད། ད་དུང་རང་རྒྱལ་གྱིས་རང་རྟེན་ཞིབ་བཟོ་བྱས་པའི་སྐྱེལ་འདྲེན་གནམ་གྲུ་ཆེ་གྲས་ཀྱི་ཁྱད་འཕགས་ནུས་པའང་གང་ལེགས་མངོན་གྱི་ཡོད”ཅེས་ཧྥེང་ཝུའེ་ཡིས་བརྗོད།
   མིག་སྔར། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ནས་ཧྥེང་ཝུའེ་ཡིས་ཕན་འབྲས་དེ་བས་ཆེ་བའི་སྒོ་ནས་འཐབ་ཇུས་རྣམ་པའི་སྐྱེལ་སྤྲོད་སྟོབས་ཤུགས་བེད་སྤྱོད་ཇི་ལྟར་བྱེད་དགོས་མིན་ལ་སྔར་བས་དོ་སྣང་བྱེད་ཅིང་། ད་ལོའི་ཚོགས་འདུ་གཉིས་ལ་ཁོང་གིས་དེའི་ཐད་ཀྱི་གྲོས་འགོ་གྲ་སྒྲིག་བྱས་ཡོད་པ་སྟེ། “ངེས་པར་དུ་ཕན་འབྲས་དེ་བས་ཆེ་བའི་སྒོ་ནས་འཐབ་ཇུས་རྣམ་པའི་སྐྱེལ་སྤྲོད་སྟོབས་ཤུགས་བེད་སྤྱོད་བྱས་ཏེ། དེ་ཉིད་དམག་འཐབ་རྣམ་པའི་སྐྱེལ་སྤྲོད་ནས་འཐབ་ཇུས་རྣམ་པའི་སྐྱེལ་སྤྲོད་དུ་སྒྱུར་བ་དང་། རྒྱལ་ཡོངས་རྣམ་པའི་སྐྱེལ་སྤྲོད་ནས་གོ་ལ་ཧྲིལ་པོའི་སྐྱེལ་སྤྲོད་དུ་སྒྱུར་བར་སྐུལ་འདེད་གང་མགྱོགས་གཏོང་དགོས་པ”དེ་རེད།
   “གཞི་རིམ་གྱི་འཐུས་མི་ཞིག་ལ་ཆ་མཚོན་ན་གནད་དོན་ཆུང་སར་དམིགས་དགོས་པ་དང་། གནད་དོན་ཆུང་ཙག་རེ་རེ་ཐག་གཅོད་བྱས་ནས། གྲངས་ཀྱི་འགྱུར་ལྡོག་ལས་མཐར་ངོ་བོའི་འགྱུར་ལྡོག་ཡོང་བ་བྱེད་དགོས། སྤུས་ཚད་དེ་བས་མཐོ་བའི་བསམ་འཆར་དང་གྲོས་འགོ་བཏོན་པ་བརྒྱུད། གཞི་རིམ་དཔུང་སྡེའི་དཔོན་དམག་གི་བསམ་འདུན་ཏན་ཏིག་མཚོན་ཐུབ་པ་དང་། མཁའ་སྐྱོད་ཁྱབ་ཡོངས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་ཐུབ་པའི་རེ་བ་ཡོད”ཅེས་ཧྥེང་ཝུའེ་ཡིས་བརྗོད།