འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་2ཉིན།

༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཡན་གྱིས་འགྲིམ་འགྲུལ་ཕྱིར་སྐྱོད་སྔར་
བས་ཐོགས་མེད་དང་སྟབས་བདེ་ཡོང་བ་བྱེད་ཀྱི་ཡིན་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་02ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཡན་གྱིས་འགྲིམ་འགྲུལ་ཕྱིར་སྐྱོད་སྔར་
བས་ཐོགས་མེད་དང་སྟབས་བདེ་ཡོང་བ་བྱེད་ཀྱི་ཡིན་ཞེས་བཤད་པ།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཡན་ནི་ཐེན་ཅིན་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཚོགས་པའི་འགྲུལ་སྐྱེལ་ཚད་ཡོད་ཀུང་སི་གསུམ་པའི་ལམ་ཐིག་8པའི་རླངས་འཁོར་རུ་ཁག་གི་ཁ་ལོ་བ་ཡིན་ཞིང་། 1993ལོར་འབྲིང་རིམ་ཆེད་ལས་སློབ་གྲྭ་ནས་ཐོན་རྗེས། སྤྱི་སྤྱོད་རླངས་འཁོར་ཁོངས་གཏོགས་སུ་ལས་བགོས་བརྒྱབ་ནས་ད་བར་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་བྱས་པ་རེད། ཝང་ཡན་གྱིས་ཐོག་མཐའ་བར་གསུམ་དུ་ལས་གནས་སུ་ཐེར་འདོན་དང་སྒྲིག་འགལ་གྱི་ཐོ་གཅིག་ཀྱང་མེད་པ་རྒྱུན་འཁྱོངས་བྱས་པ་དང་། 2015ལོར་ཝང་ཡན་ཐེན་ཅིན་གྲོང་ཁྱེར་གྱི་ངལ་རྩོལ་དཔེ་བཟང་ལ་བདམས་པ་དང་། 2019ལོར“རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའི་གཟེངས་རྟགས”ཐོབ་པ་རེད། 2018ལོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་རྗེས། ཝང་ཡན་གྱིས་རང་འཁྲིའི་ལས་འགན་སྒྲུབ་ཞོར་དུ་གཞི་རིམ་དུ་འགན་སྒྲུབ་བརྟག་ཞིབ་བྱེད་པར་ཧུར་ཐག་བསྐྱོད་པ་རེད། རྒྱུན་གཏན་གྱི་སྤྱི་སྤྱོད་རླངས་འཁོར་གཏོང་བའི་བརྒྱུད་རིམ་དུ་ཁོང་གིས་སྤྱི་སྤྱོད་རླངས་འཁོར་མང་ཚོགས་ཀྱི“དམངས་འདུན་ཡིག་སྒམ”ལ་བརྩིས་ནས་མང་ཚོགས་ཀྱི་འབོད་སྒྲ་འཐུས་མིའི་གྲོས་འགོ་རེ་རེར་ཕྱོགས་བསྡུས་བྱས་ཡོད། འདི་ལོ་ཝང་ཡན་གྱིས《མྱུར་བགྲོད་གཞུང་ལམ་ཞབས་ཞུའི་ཁུལ་གྱི་གློག་སྡོང་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ》གྲ་སྒྲིག་བྱས་ཡོད་ཅིང་། གྲོས་འགོར་མྱུར་བགྲོད་གཞུང་ལམ་ཞབས་ཞུའི་ཁུལ་གྱི་གློག་སྡོང་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་དང་། གློག་དྲའི་བཀོད་པ་ལེགས་སུ་གཏོང་བ། རིག་ནུས་ཅན་གྱི་དོ་དམ་ལ་བརྟེན་ནས་མྱུར་བགྲོད་གཞུང་ལམ་ཞབས་ཞུའི་ཁུལ་གྱི་གློག་སྡོང་སྣུམ་སྣོན་རླངས་འཁོར་འཇོག་སར་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནད་དོན་བཏོན་ཡོད། ཁོང་གིས། “མི་དམངས་ཀྱིས་རང་ཉིད་འཐུས་མིར་བདམས་པ་རེད། རང་ཉིད་འཐུས་མི་བྱེད་པ་ནི་དམངས་ཀྱི་ཆེད་དུ་ཡིན། འདི་ལོ་ནི་ལས་འགན་འཁུར་ཡུན་ལོ་མཇུག་ཤོས་དེ་ཡིན། ངས་ལས་འགན་གཙང་སྒྲུབ་བྱས་ཏེ་མང་ཚོགས་ཀྱི་རེ་འབོད་མི་དམངས་ཚོགས་ཁང་ཆེ་མོར་འཁྱེར་གྱི་ཡིན”ཞེས་བཤད།