འཚོལ་བཤེར།   
藏文频道
2022ལོའི་ཟླ་3ཚེས་2ཉིན།

༄༅།།“ཁོང་དང་ང་ཚོ་གཅིག་སེམས་གཅིག་ལ་འབྲེལ”

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་02ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     སྤྱི་ཁྱབ་ཧྲུའུ་ཅི་དང་འཐུས་མི་དང་ཨུ་ཡོན་གྱི་གཏམ་རྒྱུད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་དུས་ནི་2017ལོའི་ཟླ་3ཚེས་10ཉིན་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཤིན་ཅང་གི་འཐུས་མི་ཚོགས་པའི་གྲོས་ཞིབ་བྱ་ཡུལ་དུ་རེད།
     ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཚེ་ལེ་རྫོང་པཱ་ཧྲེ་ཡུས་ཅི་མའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མའེ་མའེ་ཐེ་དབྱི་པུའུ་རེ་དབྱི་མུའུ·མའེ་མའེ་ཐི་མིང་གིས། ཐག་ཉེ་པོ་དེ་འདྲ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཐེངས་དང་པོ་མཇལ་སྐབས། “བརྙན་འཕྲིན་ནས་མཇལ་བ་ལྟར་བྱམས་བརྩེ་དང་དྲོ་སྐྱིད་ངང་གིས་ཚོར་བྱུང”ཞེས་བཤད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་གོང་ཁུར་པན་གྱི་ཨ་ཁུ་དང་ཁོང་གི་ནང་མིར་འཕྲིན་ལན་ཞིག་སྤྲིངས་མྱོང་ཡོད། ཉིན་དེའི་ཚོགས་རར་མའེ་མའེ་ཐི་དབྱི་པུའུ་རེ་དབྱི་མུའུ་ཡིས་ཁུར་པན་གྱི་ཨ་ཁུའི་ནང་མིས་ཁོང་ལ་བསྐུར་བའི“ནང་མི་མཉམ་འཛོམས་ཀྱི་འདྲ་པར”དེ་སྤྱི་ཁྱབ་ཧྲུའུ་ཅིར་བསྟན་པ་རེད།
     “དངོས་གནས་ནང་མི་ཚང་མ་ཁྲ་རོག་རོག་རེད་འདུག”
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདྲ་པར་ལ་ཞིབ་པར་གཟིགས་བཞིན་དུ“ང་སློབ་ཆུང་འགྲིམ་སྐབས། སློབ་ཚན་གྱི་ནང་ནས་ཁུར་པན་གྱི་ཨ་ཁུ་ཞིག་གིས་བོང་བུ་བཞོན་ནས་པེ་ཅིང་དུ་མའོ་ཀྲུའུ་ཞི་མཇལ་བར་ཕྱིན་པའི་གཏམ་རྒྱུད་དེ་ཀློག་མྱོང་ཡོད”ཅེས་གསུངས།
     སྤྱི་ཁྱབ་ཧྲུའུ་ཅིའི་བསྔགས་བརྗོད་དང་ཐུགས་ཁུར་ལས་ཚོགས་རའི་རྣམ་པ་སྔར་བས་འཁྲུག་ཏུ་ཕྱིན་ཡོད།
     སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་དང་བཅས་ཏེ། “ཁྱོད་ཚོ་དང་ཧོ་ཐན་ས་ཁུལ་གྱི་གྲོང་གསེབ་ཏུ་རྨོ་ཞིང་ཉུང་ཉུང་རེད། ཁྱོད་ཚོའི་གྲོང་ཚོའི་ཁྱིམ་ཚང་རེར་ས་ཞིང་མུའུ་ག་ཚོད་ཙམ་ཡོད་དམ”ཞིག་དང“ད་ལྟ་འབྲུ་རིགས་དང་འབྲས་ཤིང་གང་འདེབས་ཀྱི་ཡོད་དམ”ཞེས་བཀའ་འདྲི་གནང་།
     མའེ་མའེ་ཐེ་དབྱི་པུའུ་རེ་དབྱི་མུའུ་ཡིས“ཤིན་ཅང་དང་རྒྱལ་སའི་དབར་བར་ཐག་རིང་པོ་དེ་འདྲ་ཡོད་མོད། འོན་ཀྱང་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་སེམས་ང་ཚོ་དང་དམ་པོར་འབྲེལ་ཡོད”ཅེས་སེམས་འགུལ་ཐེབས་བཞིན་དུ་བཤད།
     ཐེངས་དེའི་གྲོས་ཞིབ་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཤིན་ཅང་ལྷོ་རྒྱུད་ཀྱི་ས་ཁུལ་དབུལ་པོ་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོར་བརྩིས་ནས་གྲོང་གསེབ་ཀྱི་བདེ་སྡོད་ལས་གྲྭ་དང་། འབྲོག་པའི་གཞིས་ཆགས་ལས་གྲྭ གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་བཅས་ལག་བསྟར་ཡག་པོ་བྱས་ཏེ། ཞིང་འབྲོག་ཁུལ་དང་མཐའ་མཚམས་ས་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་འདེགས་འཐུས་སྒོ་ཚང་དུ་བཏང་ནས། མི་རིགས་ཁག་གི་མང་ཚོགས་འཚོ་བ་དེ་བས་ལེགས་པ་སྐྱེལ་དུ་འཇུག་དགོས་ཞེས་གསུངས་པ་རེད།
     མའེ་མའེ་ཐེ་དབྱི་པུའུ་རེ་དབྱི་མུའུ་དགའ་འོས་པ་ཞིག་ནི། ཕྱི་ཉིན་གྱི་ས་སྲོས་མཚམས་སུ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱི་ཇ་སྟོན་ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་སླར་ཡང་མཇལ་བ་མ་ཟད། ད་དུང་སྤྱི་ཁྱབ་ཧྲུའུ་ཅིའི་འཁྲིས་སུ་བསྡད་པ་རེད།
     སྤྱི་ཁྱབ་ཧྲུའུ་ཅིས་བྱམས་བརྩེའི་ངང་ཁོང་དང་སྤེལ་རེས་གནང་བ་མ་ཟད། ད་དུང་ཁོང་ལ་འཁྲབ་སྟོན་ལེ་ཚན་གྱི་ཁྱད་ཆོས་ངོ་སྤྲོད་གནང་བ་རེད།
     དུས་དེ་ནས་བཟུང་དཀའ་ངལ་འཕྲད་རིམ་བཞིན་ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཐུག་འཕྲད་བྱུང་བའི་གནས་ཚུལ་རྟག་ཏུ་དྲན་གྱི་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཡང་བློ་ལ་བརྟན་པོར་ངེས་ཡོད། ཁོང་གི་སེམས་ལ་དད་སེམས་ཤིག་ཡོད་པ་སྟེ། “སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཆུད་ཟོས་སུ་མི་གཏོང་བར་ཡུལ་མི་སྤུན་ཟླ་ཚོའི་སྣེ་ཁྲིད་ནས་མཐུན་སྒྲིལ་ཕྱུག་འགྱུར་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་དཀའ་ངལ་ཆེན་པོ་ག་ཚོད་འཕྲད་ཀྱང་མུ་མཐུད་མདུན་དུ་སྐྱོད”པ་རེད།
     2019ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་རྩའི་ལོ་རེད། རི་བོང་གསོ་ཚགས་ཀྱི་རོགས་སྐྱོར་རྣམ་གྲངས་སྐྲུན་ཆེད། མའེ་མའེ་ཐེ་དབྱི་པུའུ་རེ་དབྱི་མུའུ་ཡི་ལས་ཡུལ་ཉེ་འགྲམ་གྱི་གུར་ཞིག་ཏུ་ཉིན་85བསྡད།
     ཡུལ་མི་སྤུན་ཟླ་ཚོར་དཀའ་ངལ་འཕྲད་སྐབས། ཁོང་གིས་འཕྲལ་དུ་གྲོང་ཚོར་ལོག་ནས་སྙིང་གཏམ་ཤོད་རེས་བྱེད་ཀྱི་ཡོད།
     “རི་བོང་གསོ་ཚགས་བྱེད་པ་ནི་ལུག་གསོ་ཚགས་བྱེད་པ་ལས་ཡོང་འབབ་མང་བ་ཡོད” ཁོང་གིས་སྔོན་ལ་རྩིས་ཤིག་བརྒྱབ་ནས། ཡུལ་མི་སྤུན་ཟླ་ཚོས་རི་བོང་གསོ་འདོད་མེད་པའི་སེམས་ཁྲལ་བསལ་ཅིང་། “རི་བོང་གཅིག་ལ་ལོ་གཅིག་ལ་རི་ཕྲུག་40སྐྱེ་ཡི་ཡོད་པ་དང་། རི་ཕྲུག་རེར་སྒོར་30བྱས་ན་ཁྱོན་སྒོར་1200ཡོང་གི་ཡོད”ཅེས་བཤད།
     “རི་བོང་གསོ་ཚགས་ར་བར་དོ་དམ་བྱེད་མཁན་ལས་མི་ཚང་མ་ང་ཚོའི་གྲོང་མི་བཀོད་སྒྲིག་བྱེད་པ་དང་། ཟླ་རེར་གླ་ཆ་སྒོར་2000ནས་3000བར་སྤྲོད་པས། ལོ་གཅིག་ལ་སྒོར་ཁྲི་གསུམ་ཡོད”ཅེས་ཁོས་གིས་མུ་མཐུད་བཤད།
     “སྔོན་ལ་རི་བོང་གསོ་ཚགས་ར་བ་བསྐྲུན་ཚེ་གཞི་ནས་ཕན་འབྲས་ཐོན་ཐུབ། ཆུ་མདོང་འདིང་བ་དང་། གློག་སྐུད་འཁྲིད་པ། རྒྱུ་ཆ་སྐྱེལ་འདྲེན་བཅས་བྱེད་པར་ལས་ཡུལ་དུ་ལས་མི་མཁོ་གལ་ཆེན་པོ་ཡོད”
     མའེ་མའེ་ཐེ་དབྱི་པུའུ་རེ་དབྱི་མུའུ་ཡིས་གྲོང་མི་ཚོའི་དྲི་བར་ལན་བཏབ་རྗེས། སླར་ཡང་སྤྱི་ཁྱབ་ཧྲུའུ་ཅིས་ཤིན་ཅང་གི་འཕེལ་རྒྱས་ལ་མཐོང་ཆེན་གནང་བ་དང་མི་སེར་གྱི་འཚོ་བར་ཐུགས་ཁུར་གནང་ལུགས་ཚང་མར་བཤད་པ་རེད།
     དུད་ཚང་དུ་བསྐྱོད་དེ་འབྲེལ་གཏུག་བྱས་སྟབས། ཚང་མའི་སེམས་ཁྲལ་ཆུང་དུ་ཕྱིན་པ་དང་ཡིད་ཆེས་ཆེ་རུ་ཕྱིན་ཡོད། ཟླ་བ་གཅིག་ཀྱང་མ་འགོར་བར་འཛུགས་སྐྲུན་དཔུང་ཁག་གཅིག་གྲུབ་ནས་རི་བོང་གསོ་ཚགས་རྣམ་གྲངས་བདེ་བླག་ངང་བསྐྲུན་པ་རེད།
     2019ལོར་དེང་རབས་ཅན་གྱི་རི་བོང་གསོ་ཚགས་ར་བ་ཞིག་ཞིབ་བཤེར་རྩིས་ལེན་ཐུབ་ནས། རི་ཕྲུག་ཁག་དང་པོ་ཁྲི་5ཚང་མ་དམིགས་སར་འབྱོར་བ་དང་། གྲོང་མི་70ལྷག་ཙམ་ལ་གསོ་སྦྱོང་བྱས་ནས་ལས་གནས་སུ་བསྐྱོད་དེ་རི་བོང་གསོ་ཚགས་ར་བའི་ལས་མིར་གྱུར་ཡོད། གྲོང་ཚོའི་རོགས་སྐྱོར་ཐོན་ལས་ཇེ་མང་དུ་ཕྱིན་པ་དང་ཕན་འབྲས་ཀྱང་ཇེ་ཆེར་ཕྱིན་ཡོད།
     2022ལོའི་དཔྱིད་གསར་ལ་ཨ་ཝ་ཉི་ཧྲ་ཧན·ཐུའུ་ཨར་སུན་ཐོ་ཧོ་ཐིའི་ཁྱིམ་གྱི་སྒོ་ར་ཆུང་ཆུང་དུ་དགའ་འབོད་ཀྱི་སྒྲ་ལྷང་ལྷང་དུ་གྲགས་ཤིང་། གསོ་ཚགས་དུད་ཚང་གི་རི་ཕྲུག་འཚར་འོང་ཡག་པོ་ཡོད་པ་རེད། དེ་སྔ་རི་བོང་གསོ་བར་སེམས་ཁྲལ་ཆེ་བའི་རྒན་མོ་དེའི་ཁྱིམ་ལ་ན་ནིང་ཡོང་འབབ་200%འཕར་ནས་སྨི་ངོས་གྲུ་120ཡི་དམངས་ཕྱུག་བདེ་སྡོད་ཁང་པར་སྤོས་པ་དང་། འབོལ་ཁྲི་ཆེན་པོ་དང་བརྙན་འཕྲིན་ཆེན་པོ་གང་དགོས་ཚང་མ་འཛོམས་ཡོད། མའེ་མའེ་ཐེ་དབྱི་པུའུ་རེ་དབྱི་མུའུ་རྒན་མོའི་ཁྱིམ་དུ་སྐྱོད་སྐབས། ཨ་ཝ་ཉི་ཧྲ་ཧན་གྱི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ཡོད།