འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་28ཉིན།

༄༅།།ཨ་རིའི་དམག་འཐབ་གནམ་གྲུ་ཞིག་ལྷོ་རྒྱ་མཚོར་ལྷུངས་པའི་ཐད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་28ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་27ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོས་ཨ་རིའི་སྔོན་དུ་ཨ་རིའི་ལྷོ་མཚོར་ལྷུངས་བའི་དམག་འཐབ་གནམ་གྲུ་ཚུར་བསྡུ་སྲིད་ཅེས་བརྗོད་པར་དམིགས་ཏེ། ཀྲའོ་ལི་ཅན་གྱིས་ང་ཚོ་ཁོང་ཚོའི་གནམ་གྲུར་མོས་པ་མེད། འབྲེལ་ཡོད་རྒྱལ་ཁབ་ལ་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབ་དགོས་པ་ལས། ས་ཁུལ་དེ་གར་དྲག་ཤུགས་མི་ངོམས་རྒྱུའི་ཁ་ཏ་བསླབ་བྱ་བྱེད་རྒྱུ་ཡིན་བརྗོད།    
   གསར་འགོད་པས་དྲིས་དོན། ཨ་རི་ཕྱོགས་ཀྱིས་ལྷོ་མཚོར་དམག་སྦྱོང་ཁྲོད་F35རྟགས་ཅན་གྱི་དམག་འཐབ་གནམ་གྲུ་ཞིག་མཚོར་ལྷུངས་པའི་ནང་། གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོས་ཨ་རིའི་སྔོན་དུ་འབྲེལ་ཡོད་དམག་འཐབ་གནམ་གྲུ་ཚུར་བསྡུ་རྒྱུ་ཡིན་ཞེས་བཤད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
   ཀྲའོ་ལི་ཅན་གྱིས་འབྲེལ་ཡོད་གནས་ཚུལ་སྤེལ་བར་དོ་སྣང་བྱུང་སོང་ལ། དེ་ནི་ཨ་རིས་ལྷོ་མཚོར་ལས་འཛོལ་ཐོན་པ་ཐེངས་དང་པོའང་མིན་པ་དོར་སྣང་བྱུང་། “དེའི་སྔོན་ལ་ཆུར་འཛུལ་དམག་གྲུས་རི་ལ་བརྡུངས་པ་དེའང་ཁོང་ཚོས་ད་དུང་གསལ་བཤད་བྱས་མེད། ད་ཐེངས་ཁོང་ཚོའི་གནམ་གྲུ་འབབ་འཕར་གྲུ་གཟིངས་བླུགས་སའི་གྲུ་གཟིངས་སླར་ཡང་ལས་འཛོལ་ཐོན་ནས་ལྷོ་མཚོའི་ནང་ལྷུངས་པ་རེད།”ཅེས་བཤད།
   ཀྲའོ་ལི་ཅན་གྱིས་ང་ཚོ་ཁོང་ཚོའི་གནམ་གྲུར་མོས་པ་མེད་ལ། འབྲེལ་ཡོད་རྒྱལ་ཁབ་ལ་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་ཕན་པའི་བྱ་བ་མང་ཙམ་སྒྲུབ་དགོས་པ་ལས། རྟག་པར་ས་ཁུལ་དེ་གར་དྲག་ཤུགས་མི་ངོམས་རྒྱུའི་ཁ་ཏ་བསླབ་བྱ་བྱེད་རྒྱུ་ཡིན་བརྗོད།