འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་28ཉིན།

༄༅།།《དེང་རབས་རྒྱ་ཡིག་ཚིག་མཛོད》(རྒྱ་བོད་ཐ་སྙད་ཤན་སྦྱར་)དཔེ་སྐྲུན་བྱས་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་28ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།《དེང་རབས་རྒྱ་ཡིག་ཚིག་མཛོད》(རྒྱ་བོད་ཐ་སྙད་ཤན་སྦྱར་)དཔེ་སྐྲུན་བྱས་འདུག
    མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་ཞིང་ཆེན་གྱིས་སྣེ་ཁྲིད་སྒྲིག་འཛུགས་བྱས་ཤིང་།དུས་ཡུན་ལོ་9སྤྱད་དེ་ཡིག་སྒྱུར་དང་རྩོམ་སྒྲིག་བྱས་པའི་རྒྱ་བོད་ཐ་སྙད་ཤན་སྦྱར་པར་གཞིའི《དེང་རབས་རྒྱ་ཡིག་ཚིག་མཛོད》ཉིན་ཤས་གོང་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་དང་ཧྲང་ཝུའུ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱས་འདུག 
   མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཏེ་ཅུན་གྱིས་མཚོ་སྔོན་འཕེལ་རྒྱས་ཀྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ་དང་བསྟུན་ནས། བོད་རིགས་མང་ཚོགས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་དང་བེད་སྤྱོད་བྱེད་པ་དང་ཆབས་ཅིག རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་ཁོང་དུ་ཆུད་རྒྱུའི་འདུན་པ་ཉིན་བཞིན་ཆེ་རུ་ཕྱིན་ཡོད་མོད། འོན་ཀྱང་། དུས་ཡུན་རིང་པོའི་ནང་དབང་གྲགས་རང་བཞིན་དང་སྟབས་བདེ་ལ་སྤྱོད་གོ་ཆོད་པའི་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཡོ་བྱད་དཔེ་དེབ་ཅུང་དཀོན་པོ་ཡོད། དེར་བརྟེན། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་2013ལོའི་ཟླ་6པར《དེང་རབས་རྒྱ་ཡིག་ཚིག་མཛོད》ཅེས་པའི་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཡོ་བྱད་དཔེ་དེབ་ཡིག་སྒྱུར་ལས་དོན་སྤེལ་འགོ་ཚུགས་པ་ཡིན་ཞེས་ངོ་སྤྲོད་བྱས།
   རྩོམ་སྒྱུར་ཚོགས་ཆུང་གི་དབུ་བཞུགས་རིགས་གཅིག་མཁས་པ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་སངས་རྒྱས་ཀྱིས་ད་ཐེངས་ཡིག་སྒྱུར་བྱེད་པའི་དམིགས་ཡུལ་ནི་རྒྱ་སྐད་དང་བོད་སྐད་དེང་རབས་སྐད་བརྡའི་ཁྲོད་མཉམ་འདྲེས་གཏིང་ཟབ་ཐུབ་པ་བྱས་ནས། དབང་གྲགས་རང་བཞིན་དང་དུས་རབས་རང་བཞིན། འཐུས་ཚང་རང་བཞིན། དངོས་སྤྱོད་རང་བཞིན་བཅས་ལྡན་པ་བྱ་རྒྱུ་དེ་ཡིན་པ་དང་།  《ཚིག་མཛོད》དཔེ་སྐྲུན་དང་འགྲེམས་སྤེལ་བྱས་པ་དེས་བོད་རྒྱ་སྐད་ཡིག་གཉིས་ཕན་ཚུན་སློབ་སྦྱོང་དང་ཡིག་སྒྱུར་ཡོ་བྱད་དཔེ་དེབ་དཀོན་པའི་གནད་དོན་ཞི་ལྷོད་དུ་བཏང་ནས། མི་རིགས་བར་གྱི་སྤེལ་རེས་དང་མཉམ་འདྲེས་ཟབ་ཏུ་ཕྱིན་ཐུབ་ཅེས་བཤད།