འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་27ཉིན།

༄༅།།མཚོ་སྔོན་དུ་ན་ནིང་དབུལ་སྒྲོལ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11801ཟིན་ནས་དུས་མཚུངས་ལས་12.3%འཕར་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་27ཉིན། 17:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་1ཚེས་25ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་དེ་གོང་འཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི“ཚོགས་འདུ་གཉིས”ཐོག་ནས་ཤེས་རྟོགས་བྱུང་གསལ། 2021ལོར་མཚོ་སྔོན་ཞིང་ཆེན་དུ་དབུལ་སྒྲོལ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་11801ཟིན་ནས་2020ལོ་ལས་12.3%འཕར་ཡོད་པ་རེད།
     མཚོ་བོད་ས་མཐོའི་དབུས་སུ་གནས་པའི་མཚོ་སྔོན་ཞིང་ཆེན་ནི་རི་བོ་ལིའུ་ཕན་ཧྲན་དང་ཞིང་ཆེན་བཞིའི་བོད་འབྲེལ་ས་ཁུལ་གྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གཉིས་ཚང་མར་ཁྱབ་པའི་ས་ཁོངས་ཤིག་ཡིན་པས། དབུལ་སྒྲོལ་གྱི་ལས་འགན་ལྕི་བ་དང་དཀའ་ཚེགས་ཆེན་པོ་ཡོད། 2020ལོར་མཚོ་སྔོན་གྱི་རྫོང་དབུལ་པོ(གྲོང་ཁྱེར་དང་། ཆུས། ས་ཁུལ)42ཚང་མ་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱས་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྥུའུ་ཞུའེ་ལི་ཡིས། 2021ལོར་མཚོ་སྔོན་ཞིང་ཆེན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་གཙོ་གནད་ཐོག་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་སྡེ་ཚན་ལེགས་སྒྲིག་དང་སྒོ་བྱང་འགེལ་བའི་ལས་དོན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ། རེས་སྐོར་གསར་པར་གཙོ་གནད་གྲོང་ཚོ་1716ལ་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་བྱེད་པ་5221འདེམས་གཏོང་བྱས་ཡོད། ཐོན་ལས་ལ་དམ་འཛིན་དང་། ལས་ཞུགས་བརྟན་པོ། ཐ་སྐྱོང་ལ་ཤུགས་སྣོན་སོགས་ཀྱི་བྱེད་ཐབས་བརྒྱུད། 2021ལོར་མཚོ་སྔོན་གྱི་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི་110.5ལས་ཞུགས་གཞན་སྒྱུར་བྱས་པ་དང་། དབུལ་སྒྲོལ་དང་དེ་བཞིན་མཐར་ལུས་དབུལ་པོར་གྱུར་སླ་བའི་མང་ཚོགས་ཁྲི་20.9ལས་ཞུགས་ཐུབ་ཡོད་པ་རེད།