འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་26ཉིན།

༄༅།།“ང་ནི་དྲ་ཐོག་དཔལ་འབར་བརྒྱུད་སྐྱེལ་བ་ཡིན”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་
སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་26ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་23ཉིན་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་ཨུ་ལྷན་གསར་འགྱུར་དྲིལ་བསྒྲགས་པུས“དྲ་ཐོག་བརྒྱུད་སྐྱེལ་བ་ཞིག་བྱེད། དཔལ་འབར་དང་འགྲོགས་ནས་དགུན་དུས་ཨོ་རྩལ་བསུ”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་དྲ་དམངས་དྲ་ཐོག་གི་དཔལ་འབར་བརྒྱུད་སྐྱེལ་བྱ་སྤྱོད་ནང་ཞུགས་པའི་ཡིད་དབང་བཀུག་པ་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤེས་བྱ་དང་ཨོ་ལིམ་ཕིག་གི་སྙིང་སྟོབས་བརྒྱུད་བསྒྲགས་བྱས་ཏེ་མཉམ་དུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་འཛོམས་གཟབ་རྒྱས་བསུས་པ་རེད།
   ད་ཐེངས་བྱེད་སྒོ་མཉམ་འབྲེལ་དྲ་རྒྱའི་ལས་སྟེགས་ཐོག་བཏོན་པ་དང་འབྲེལ། དྲ་བའི་རྩེད་ཐབས་དང་ཚན་རྩལ་བྱེད་ཐབས་ཟུང་འབྲེལ་གྱིས་དཔལ་འབར་མཚོན་རྟགས་འདོན་པ་དང་། གློག་རྡུལ་ལག་ཁྱེར་སྤྲོད་པ། བྱེད་སྒོའི་བྱ་དགའ་འཐེན་པ་སོགས་བྱེད་ཐབས་སྤྱད་པ་མ་ཟད། ལོ་ན་མི་འདྲ་བ་དང་ས་ཁོངས་མི་འདྲ་བའི་དྲ་དམངས་ཀྱིས་མཉམ་འབྲེལ་དྲ་རྒྱར་གཅིག་སྡུད་བྱས་ཏེ་མཉམ་དུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཤུགས་རྒྱག་པ་དང་རམ་འདེགས་བྱས་ཤིང་། བྱེད་སྒོ་དེ་ཟླ་2ཚེས་4ཉིན་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་ཉིན་བར་སྤེལ་རྒྱུ་རེད།