འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་25ཉིན།

༄༅།།ལོ་20གབ་བྱོལ་བྱས་པའི་ཉེས་ཅན་འདི་འཛིན་བཟུང་བྱས་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་25ཉིན། 15:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཚེས་23ཉིན། ཉེས་གསོག་དོགས་ཅན་སྐྱེལ་སྤྲོད་ཀྱི་འགྲོ་ལུགས་བརྒྱུད་ད་ལོར་ལོ་56ལ་སླེབས་པའི་ཏུའུ་ཆེ་གེ་མོ་ཀྲེ་ཅང་ཞིང་ཆེན་ཏེ་ཆིང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་ཧོ་ནན་ཞིང་ཆེན་ཞིན་དབྱང་གྲོང་ཁྱེར་ཕིང་ཆའོ་སྤྱི་བདེ་ཡན་ལག་ཅུས་ལ་སྐྱེལ་སྤྲོད་བྱས་པ་རེད། སྐབས་འདིར་ཏུའུ་ཆེ་གེ་མོ་ཕ་ཡུལ་ནས་ཁ་བྲལ་ཏེ་ལོ་24སོང་བ་རེད། 
     1998ལོའི་ཟླ་7པར། ཉེས་གསོག་དོགས་ཅན་ཏུའུ་ཆེ་གེ་མོས་ཁྱིམ་གྱི་དོན་དག་ཙག་ཙིག་གི་དབང་གིས་རང་གི་ནུ་བོའི་མནའ་མར་ཚལ་གྲི་བརྒྱབ་པའི་རྐྱེན་གྱིས་ཚེ་ལས་འདས་པ་རེད། གྱོད་གཞི་ཐོན་རྗེས་ཁོ་མོ་ཕ་ཡུལ་ཧོ་ནན་ཞིང་ཆེན་ཞིན་དབྱང་གྲོང་ཁྱེར་ནས་བྲོས་བྱོལ་དུ་སོང་ནས་མཐར་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཏེ་ཆིང་རྫོང་དུ་སླེབས་ཡོད་པ་རེད།
རང་གི་མིང་ཧུའུ་ཆེ་གེ་མོར་བསྒྱུར་ནས་ཏེ་ཆིང་དུ་ལོ་ངོ་20ལྷག་འཚོ་བ་སྐྱེལ་རུང་རིམས་ནད་དང་འབྲེལ་ཡོད་མི་སྣར་ཞིབ་བཤེར་ཐེངས་ཤིག་བྱས་ཚེ་རང་ནི་མི་བསད་གྱོད་དོན་དང་འབྲེལ་བ་ཡོད་ལུགས་ཡང་བསྐྱར་ཡོངས་བསྒྲགས་བྱས་པར་ཏུའུ་ཆེ་གེ་མོས་བསམ་བློ་གང་ཚད་བཏང་ཡང་དྲན་ཐུབ་ཀྱི་མ་རེད། 
     2022ལོའི་ཟླ་1པོའི་ཚེས་14ཉིན། ཏེ་ཆིང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་རྫོང་དེའི་ཡུས་ཡུའེ་གྲོང་རྡལ་གྱི་འཁེལ་འཐག་བཟོ་གྲྭ་ཞིག་གི་ལས་བཟོ་བར་རིམས་ནད་ཐད་ཀྱི་ཞིབ་བཤེར་བྱེད་སྐབས། ཏུའུ་ཆེ་གེ་མོས་ཁ་པར་ཕར་ངོས་ཀྱི་འདྲི་རྩད་བྱེད་མཁན་ལ་རང་ཉིད་ཀྱི་རུས་མིང་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དེ་བཞིན་ཐེམ་ཐོ་གནས་ས་བཅས་གསལ་པོ་ཤོད་མི་ཐུབ་པ་ཤེས་བྱུང་། 
     རང་འགན་འཁྲི་སྒྲུབ་བྱེད་པའི་རྩ་དོན་ལྟར། ཏེ་ཆིང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་མྱུར་དུ་ཏུའུ་ཆེ་གེ་མོ་ཡོད་སའི་འཁེལ་འཐག་བཟོ་གྲྭ་རུ་དོ་བདག་འཚོལ་སར་སོང་བ་རེད།
     “ཡུལ་དངོས་སུ་སླེབས་རྗེས། སྤྱི་བདེའི་གྲངས་གཞི་ཆེན་པོས་ཞིབ་བསྡུར་བྱས་པ་བརྒྱུད་ང་ཚོས་ཏུའུ་ཆེ་གེ་མོ་ནི་ཞིན་དབྱང་གྲོང་ཁྱེར་གྱི་1998ལོའི་མི་བསད་གྱོད་གཞི་ཞིག་གི་བྲོས་བྱོལ་ཉེས་ཅན་ཡིན་པ་ཤེས་བྱུང”ཞེས་བཤད། ཏེ་ཆིང་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཝང་ཝུའུ་ཝུའེ་ཡིས་བཤད་དོན། གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས་ང་ཚོས་འཕྲལ་མར་ཏུའུ་ཆེ་གེ་མོ་ཁྲིམས་ལྟར་གནས་སྐབས་བཀག་ཉར་བྱས་པ་མ་ཟད་དེར་འདྲི་ཞིབ་ཀྱང་བྱས་པ་ཡིན།
     འདྲི་ཞིབ་འགོ་རྩོམ་གོ་རིམ་དེ་འདྲའི་བདེ་བླག་མ་བྱུང་། མྱུལ་ཞིབ་པའི་འདྲི་ཞིབ་ལ་ཁ་གཏད་སྐབས་ཏུའུ་ཆེ་གེ་མོས་ཧ་ཅང་གཟབ་གཟབ་བྱས་ནས། རང་ཉིད་ཀྱི་སྔོན་ཆད་གཏན་ནས་མི་བཤད། ཡུན་རིང་བའི་ཞག་གཅིག་སོང་རྗེས་ཁོ་མོས་གཞི་ནས་ཁ་ལྷོད་སོང་། 
     “ཁོ་མོ་1998ལོར་ཏེ་ཆིང་དུ་སླེབས་རྗེས་ཡུས་ཡུའེ་གྲོང་རྡལ་ཀའོ་ཆའོ་གྲོང་ཚོའི་བཟོ་གྲྭ་ཞིག་ཏུ་ལས་ཀ་རག ལོ་མང་རིང་རང་གི་ཐོབ་ཐང་ལག་ཁྱེར་སྤྱོད་མྱོང་མེད་ལ་མིང་ངོ་མས་ཐོ་འགོད་བྱས་པའི་ལག་ཁྱེར་ཁ་པར་ཨང་གྲངས་ཀྱང་སྤྱོད་མྱོང་མེད”ཅེས་བཤད། ཝང་ཝུའུ་ཝུའེ་ཡིས་ཏུའུ་ཆེ་གེ་མོས་ལོ་མང་རིང་ཧ་ཅང་གཟབ་གཟབ་བྱས་པའི་རྐྱེན་གྱིས་ཉེན་རྟོག་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་ལོ་ངོ་24རིང་འདེད་བཟུང་བྱེད་མོད་འཛིན་ཐུབ་མེད། 
     མིག་སྔར། ཏེ་ཆིང་ཉེན་རྟོག་ཕྱོགས་དང་ཕིང་ཆའོ་སྤྱི་བདེ་ཡན་ལག་ཅུས་དབར་ཉེས་གསོག་དོགས་ཅན་སྐྱེལ་སྤྲོད་ཀྱི་འགྲོ་ལུགས་བསྒྲུབས་ཟིན་ཡོད། གྱོད་གཞི་དེ་མུ་མཐུད་དུ་ཐག་གཅོད་བྱེད་བཞིན་ཡོད་པ་རེད།