འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་25ཉིན།

༄༅།།ཨ་ཀྲུང་བར་གྱི་གནམ་གྲུ་མཚམས་བཞག་པའི་ཐད་ལ་ལན་བརྒྱབ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་25ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨ་རི་སྲིད་གཞུང་གིས་ཀྲུང་གོའི་མཁའ་འགྲུལ་ཀུང་སིའི་གཉེར་སྐྱོང་དུས་གཏན་གནམ་གྲུ་ཐེངས་གྲངས་44མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པར་དམིགས་ནས།  ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཟླ་1ཚེས་24ཉིན། གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་དྲིས་ལན་འདེབས་སྐབས། ཨ་རི་ཕྱོགས་ཀྱིས་རང་ཉིད་གཅིག་པུའི་ཆེད་དུ་“དམིགས་བསལ་གྱི་ཐོབ་ཐང”དོན་གཉེར་བྱས་ནས། ཀྲུང་གོ་ཕྱོགས་ཀྱི་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུ་གནས་ལུགས་མེད་པར་མཚམས་བཞག་པ་ལས། ཀྲུང་གོ་ཕྱོགས་ཀྱི་མཁའ་འགྲུལ་ཀུང་སིའི་རྒྱུན་གཏན་འཁོར་སྐྱོད་ལ་འགོག་རྐྱེན་བཟོས་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་འགྲུལ་པའི་ཚེ་སྲོག་བདེ་ཐང་དང་བདེ་འཇགས་ལ་མི་འཛེམ་པའི་བྱ་སྤྱོད་དེ་རིགས་ནི་ཁྲིམས་མེད་ལུགས་མེད་དང་འགན་འཁྲི་གཏན་ནས་མ་ཁུར་བ་ཞིག་རེད་ཅེས་བཤད།    
   ཀྲའོ་ལི་ཅན་གྱིས་མིག་སྔར་གོ་ལ་ཧྲིལ་པོར་རེས་སྐོར་གསར་པའི་རིམས་ནད་མང་འགྱུར་གྱི་དུས་སུ་སླེབས་ཡོད། རྒྱལ་ཁབ་ཁག་གིས་རང་ཉིད་རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས་རྒྱལ་སྤྱིའི་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ས་ཁོངས་སྒྲོལ་ནས་མཆེད་རྒྱུ་བཀག་འགོག་ནུས་ལྡན་བྱས་ཏེ། མཉམ་དུ་རིམས་ནད་ལས་སྔ་ཙམ་རྣམ་པར་རྒྱལ་རྒྱུ་བརྩོན་ལེན་བྱེད་དགོས། “ང་ཚོས་ཨ་རི་ཕྱོགས་ཀྱིས་ཚན་རིག་ལ་བརྩི་འཇོག་དང་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱ་རྒྱུར་གཞིགས་ནས། རང་ཉིད་རྒྱལ་ཁབ་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། དུས་གཏན་གནམ་གྲུའི་རིམས་འགོག་གནད་དོན་ཆབ་སྲིད་ཅན་དུ་སྒྱུར་མཚམས་འཇོག་པ། ཀྲུང་གོ་དང་ཨ་རིའི་བར་རྒྱུན་གཏན་གྱི་འགྲོ་འོང་ལ་འགོག་རྐྱེན་བཟོ་བ་དང་ཚོད་འཛིན་བྱེད་མཚམས་འཇོག་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན”ཞེས་བཤད།