འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་25ཉིན།

༄༅།།ཚོད་ལྟ་ལེགས་འགྲུབ་བྱུང་སོང་། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་25ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཚོད་ལྟ་ལེགས་འགྲུབ་བྱུང་སོང་།
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་24ཉིན་གྱི་སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ཡི་ཐོག ཆིང་ཧྭ་སློབ་ཆེན་འཇིག་རྟེན་འཕུར་སྐྱོད་སློབ་གླིང་གི་རླངས་གཏོར་འབར་བ་དང་སྐུལ་འདེད་ཚོད་ལྟ་ཁང་གིས་འཕྲུལ་འཁོར་གསར་པའི་འཕུར་སྐྱོད་གསལ་སྟོན་ཚོད་ལྟས་ར་སྤྲོད་ལེགས་འགྲུབ་བྱུང་བ་རེད། ཚོད་ལྟ་ལས་རང་རྒྱལ་གྱིས་སྒུལ་བྱེད་འཕྲུལ་འཁོར་གསར་པ་དེའི་རང་བརྟེན་ཞིབ་འཇུག་གསར་སྤེལ་དང་ལས་གྲྭའི་མངོན་འགྱུར་ནུས་པ་ཁོང་དུ་ཆུད་ནས་བར་སྣང་སྒུལ་ཤུགས་གསར་པའི་ཁྱབ་ཁོངས་སུ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་པ་མཚོན།   
   ཚོད་ལྟའི་ལས་འགན་དེ“ཆིང་ཧྭང་ཏ་ཤིན་རྟགས་ཅན”རིམ་པ་གཉིས་ཀྱི་མེ་ཤུགས་འཕུར་མདེལ་གྱིས་འདེད་རོགས་ལག་བསྟར་བྱས་པ་ཞིག་རེད། རིམ་པ་དང་པོའི་མེ་ཤུགས་འཕུར་མདེལ་འཐོར་རྗེས། རིམ་པ་གཉིས་པའི་མེ་ཤུགས་འཕུར་མདེལ་གྱིས་སྒུལ་བྱེད་འཕྲུལ་འཁོར་སྔོན་བཀོད་ཀྱི་མཐོ་ཚད་དང་མྱུར་ཚད་དུ་དེད་པ་རེད། སྒུལ་བྱེད་འཕྲུལ་འཁོར་གྱི་རླངས་ལམ་ཕན་ནུས་ཆེ་བའི་དབུགས་འཐེན་ཐུབ་པ་དང་། སྣུམ་འདོན་མ་ལག་གིས་མཁའ་འགྲུལ་སོལ་སྣུམ་རླངས་འགྱུར་བཏང་ནས་འབར་ཁང་དུ་དྲངས་པ་དང་མེ་བསྒྲོན། འབར་ཁང་དེ་སྔོན་བཀོད་ཀྱི་འབར་གནས་སུ་སླེབས་པ་དང་། སྒུལ་བྱེད་འཕྲུལ་འཁོར་བརྟན་པོར་ལས་འགོ་བརྩམས་ཤིང་རྒྱུན་མཐུད་འདེད་ཤུགས་ཐོབ་པས། ཚོད་ལྟ་ལེགས་གྲུབ་བྱུང་། 
   འཕུར་སྐྱོད་ཚོད་ལྟའི་ལས་འགན་ལ“ཆིང་ཧང་ཨང་དང་པོ”ཞེས་མིང་བཏགས་པ་དང་ཆིང་ཧྭ་སློབ་ཆེན་གྱི་ལག་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ལམ་སྲོལ་སྒྲིག་སྲོལ་གསར་གཏོད་བྱས་པ་བརྒྱུད། འཇིག་རྟེན་འཕུར་སྐྱོད་སློབ་གླིང་གི་རླངས་གཏོར་འབར་བ་དང་སྐུལ་འདེད་ཚོད་ལྟ་ཁང་དང་ཆིང་ཧང་མཁའ་འགྲུལ་ཚན་རྩལ་ཚད་ཡོད་ཀུང་སིས་མཉམ་འབྲེལ་བྱས་ནས་བསྒྲུབས་པ་ཡིན་ཞིང་རང་བདག་གི་ཤེས་བྱའི་ཐོན་དབང་ཡོངས་རྫོགས་ལྡན་ཡོད་པ་རེད།
   གྲུབ་འབྲས་དེས་རང་རྒྱལ་གྱི་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་ཀྱི་བྱ་གཞག་སྔར་བས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་ཞིང་སྒུལ་ཤུགས་གསར་གྲས་ཐད་དུ་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
༄༅།།ཚོད་ལྟ་ལེགས་འགྲུབ་བྱུང་སོང་།