འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་25ཉིན།

༄༅།།བོད་ལྗོངས་ཀྱི་སློབ་མ་35ལ་རྒྱལ་ཁབ་ཀྱི་བྱ་དགའི་དངུལ་འདི་རག་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་25ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར་སློབ་གསོ་པུའུ་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་2020ལོ་ནས་2021ལོའི་བར་གྱི་ལོ་འཁོར་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་པའི་སློབ་མའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། བོད་རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭ་དང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ། གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་བཅས་ཀྱི་སློབ་མ་35མིང་ཐོ་འདིའི་ནང་ཡོད་པས། མི་རེར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའིདངུལ་སྒོར་6000ཐོབ་རྒྱུ་རེད།
   ད་ཐེངས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། སློབ་གསོ་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ནོར་སྲིད་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་རེ་ཞུས་པའི་ཡིག་རིགས་ལ་དཔྱད་ཞིབ་བྱེད་པའི་པྱད་ཞིབ་འགོ་ཁྲིད་ཚོ་ཆུང་བཙུགས་པ་དང་། འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་རེ་ཞུས་པའི་ཡིག་རིགས་ལ་དཔྱད་ཞིབ་བྱེད་པའི་ཨུ་ཡོན་ལྷན་ཁང་བཙུགས་ནས། ཕྱི་རོལ་ཡུལ་དང་མཐུན་པ་དང་། དྲང་སྙོམས། དྲང་གཞག་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། 2021ལོར་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་དང་འཆར་གཞི་ལོགས་བཀོད་གྲོང་ཁྱེར་ཁག་སོགས་ལས་རིགས་སློབ་གྲྭས་དཔྱད་ཞིབ་བྱ་རྒྱུར་སྐྱེལ་ཡོང་བའི་ཡིག་རིགས་ལ་དཔྱད་ཞིབ་ནན་ཏན་བྱས་མཐར། རྒྱལ་ཡོངས་སུ་ཁྱོན་སློབ་མ་19985ལ་2020ལོ་ནས་2021ལོའི་བར་གྱི་ལོ་འཁོར་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ཐོབ་པ་གཏན་འཁེལ་བྱས་པ་རེད།