འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་24ཉིན།

༄༅།།“ཀྲུང་གོའི་རིམས་འགོག་སྨན་ཁབ་ལས་དམངས་ཚོགས་ཀྱིས་རིམས་ནད་འགོག་པའི་ཆོད་སེམས་དང་ཡིད་ཆེས་ལ་སྐུལ་མ་ཆེན་པོ་ཐེབས་པ”

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་24ཉིན། 16:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་གོས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རིམས་ནད་འགོག་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་འཐབ་ས་དང་པོར་ལངས་པ་དང་། རིམས་འགོག་སྨན་ཁབ་དེ་སྤྱི་པའི་ཐོན་རྫས་ལ་བརྩི་རྒྱུ་རྒྱུན་འཁྱོངས། རིམས་འགོག་སྨན་ཁབ་གཞུང་དྲང་ངང་བགོ་བའི་འགན་འཁྲི་དང་པོ་འཁུར་བ་བཅས་བྱས་ཏེ་རང་ཉིད་ཀྱི་བློ་བརྟན་འགྱུར་མེད་ཀྱི་དམ་བཅའ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་སྤྱིའི་རིམས་ནད་འགོག་པའི་ཡང་དག་པའི་ཁ་ཕྱོགས་སྲུང་སྐྱོང་བྱས་ཏེ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་བསྐྲུན་པར་སྐུལ་འདེད་བཏང་ཡོད།
     “ཀྲུང་གོའི་རིམས་འགོག་སྨན་ཁབ་ལས་དམངས་ཚོགས་ཀྱིས་རིམས་ནད་འགོག་པའི་ཆོད་སེམས་དང་ཡིད་ཆེས་ལ་སྐུལ་མ་ཆེན་པོ་ཐེབས་པ”
     རིམས་འགོག་སྨན་ཁབ་ནི་རིམས་ནད་ལས་རྣམ་པར་རྒྱལ་བ་བྱེད་པའི་ལག་ཆ་ཡག་ཤོས་ཡིན། 2021ལོར་ཀྲུང་གོས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་120ལྷག་ཙམ་ལ་ཏོག་གསར་རིམས་འགོག་སྨན་ཁབ་དུང་ཕྱུར་20ལས་བརྒལ་བ་མཁོ་འདོན་བྱས་པས། ཕྱི་རྒྱལ་ལ་རིམས་འགོག་སྨན་ཁབ་མཁོ་འདོན་བྱེད་མང་ཤོས་ཀྱི་རྒྱལ་ཁབ་ཡིན། ལོ་གསར་པར་ཀྲུང་གོས་མུ་མཐུད་གོ་ལ་ཧྲིལ་པོའི་རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་བྱ་སྤྱོད་གྲོས་འགོ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། སྨན་རྫས་ཞིབ་སྤེལ་མཉམ་ལས་ཧུར་ཐག རྒྱལ་སྤྱིས་མཐུན་སྒྲིལ་ངང་རིམས་འགོག་བྱེད་པའི་དུས་བབ་སྲུང་སྐྱོང་བྱ་རྒྱུ་རེད། རིམས་འགོག་སྨན་ཁབ་བླུགས་པའི་ཀྲུང་གོའི་དུས་གཏན་གནམ་གྲུ་རེ་རེས་མཁའ་ལམ་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་པའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་མུ་མཐུད་བརྩམས་ཡོད། ལོ་གསར་པ་འགོ་ཚུགས་མ་ཐག་ཀྲུང་གོ་སྲིད་གཞུང་གིས་སི་རི་ཡར་རོགས་སྐྱོར་བྱས་པའི་ཏོག་གསར་རིམས་འགོག་སྨན་ཁབ་དང་བརྟག་དཔྱད་ཡོ་ཆས་ཁག་དང་པོ་རྩིས་སྤྲས་བྱས་ཤིང་། “སི་ཀྲུང་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ངོ་མ་ཞིག་ཡིན”ཞེས་སི་རི་ཡའི་འཕྲོད་བསྟེན་པུའི་པུའུ་ཀྲང་ཧང་སང.ཅཱ་པཱ་ཧྲེས་སི་རི་ཡའི་ཚབ་ཞུས་ནས་ཀྲུང་གོ་ཕྱོགས་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཏོག་གསར་རིམས་ནད་ཐོན་ཚུན། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡར་རིམས་འགོག་དངོས་ཟོག་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐེངས་མང་བྱས་པར་བརྟེན་སི་རི་ཡ་སྲིད་གཞུང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དམངས་འཚོ་ལེགས་སུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བརྗོད།
     “ཀྲུང་གོས་རོགས་སྐྱོར་བྱས་པའི་རིམས་འགོག་སྨན་ཁབ་ནི་དུས་ཐོག་ཆར་པ་ལྟར་ཡིན”ཞེས་ཧྥི་ལི་ཕིན་སྲིད་གཞུང་གི་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་པའི་སྤྱི་ཁྱབ་མཐུན་སྦྱོར་བ་ཅཱར་ཝེ་སིས་དེ་ལྟར་བརྗོད། ཉེ་དུས་ཀྲུང་གོ་སྲིད་གཞུང་གིས་ཧྥི་ལི་ཕིན་ལ་རོགས་སྐྱོར་བྱས་པའི་ཁག་དང་པོའི་ཏོག་གསར་རིམས་འགོག་སྨན་ཁབ་ཁྲི་200རྒྱལ་ས་མ་ནི་ལར་འབྱོར་ནས་ཧྥི་ལི་ཕིན་གྱིས་རིམས་འགོག་སྨན་ཁབ་ཐེངས་གཉིས་པ་རྒྱག་པའི་ལས་དོན་ལ་རོགས་རམ་བྱས་ཡོད། ཧྥི་ལི་ཕིན་སྲིད་གཞུང་གིས་རིམས་འགོག་སྨན་ཁབ་དེ་ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ཤུགས་སྣོན་ཁབ་ལ་བརྩིས་ནས་མང་ཚོགས་ལ་རྒྱག་རྒྱུ་རེད།
     “རིམས་འགོག་ནུས་པ་ཆེ་རུ་གཏོང་བ་དང་སྲོག་སྐྱོབ་ཐད་ནུས་པ་གལ་ཆེན་ཐོན་ཡོད”
     འཛིམ་གླིང་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་བདེ་འཇགས་དང་ཕན་ནུས་ཆེ་བའི་རིམས་འགོག་སྨན་ཁབ་དེ་བས་མང་བ་མཁོ་འདོན་དང་གོ་ལ་ཧྲིལ་པོའི་རིམས་འགོག་འོབས་དོང་གསབ་པའི་ཐད་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དམ་བཅའ་ལག་བསྟར་བྱས་ཏེ་མིག་དཔེ་བཏོན་ཡོད།
     “ཀྲུང་གོའི་རིམས་འགོག་སྨན་ཁབ་ཀྱིས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་རིམས་འགོག་གི་ནུས་པ་ཆེ་རུ་གཏོང་བ་དང་སྲོག་སྐྱོབ་ཐད་ནུས་པ་གལ་ཆེན་ཐོན་ཡོད”འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲེའི་མཐོ་རིམ་ཇུས་འདྲི་བ་པུའུ་ལུའུ་སི·ཨེར་ཨའོ་ཏེས་ཟླ་1ཚེས་6ཉིན“ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ལག་བསྟར་འཆར་གཞིའི”འབྲེལ་ཡོད་འཕེལ་རིམ་སྐོར་གླེང་སྐབས། ཀྲུང་གོའི་རིམས་འགོག་སྨན་ཁབ་ཀྱི་ནུས་པར་དམིགས་བསལ་གྱི་གདེང་འཇོག་བྱས་ཡོད། ཁོང་གིས་འཆར་གཞི་དེ་བརྒྱུད་རྒྱལ་ཁབ་དང་ས་ཁུལ་49ལ་སྤྲད་པའི་ཀྲུང་གོ་རྒྱལ་སྨན་དང་ཁོའོ་ཤིན་གྱི་ཏོག་གསར་རིམས་འགོག་སྨན་ཁབ་དུང་ཕྱུར་1.8ལས་བརྒལ་ནས་ཀྲུང་གོའི་རིམས་འགོག་སྨན་ཁབ་དེ་གཉིས་ཀྱི་རྩིས་སྤྲོད་བསྡོམས་འབོར་གྱིས་འཆར་གཞིའི་རྩིས་སྤྲོད་ནང་བཟུང་བའི་རིམས་འགོག་སྨན་ཁབ་བསྡོམས་འབོར་གྱི་20%ཙམ་ཟིན་ཡོད་ཅེས་བརྗོད།
     ཉིན་གཉིས་ཀྱི་གོང་དུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དཔོན་རིགས་མཱ་ཧཱ་མོང་ཏེས་ཀྲུང་གོ་རྒྱལ་སྨན་དང་ཁོའོ་ཤིན་སོགས་ཏོག་གསར་རིམས་འགོག་སྨན་ཁབ་ཀྱིས་ཨའོ་སྨི་ཁེ་རུང་ནད་དུག་འགོས་པའི་ནད་པ་སྨན་ཁང་དུ་ལུས་པའི་ཉེན་ཁ་སྔོན་འགོག་ཐུབ་པ་དང་རིམས་འགོག་སྨན་ཁབ་ཀྱིས་ནད་གཞི་ལྕི་པོ་ཕོག་ནས་སྨན་ཁང་དུ་ལུས་པའི་ནད་པ་སྲུང་སྐྱོང་ཐུབ་པ་ཞིབ་འཇུག་ལས་གསལ་བཤད་ཐུབ་ཡོད་ཅེས་བརྗོད།
     “ཀྲུང་གོའི་རིམས་འགོག་སྨན་ཁབ་ཡོད་པས་ང་ཚོ་བློ་བདེ་པོ་འདུག”ཅེས་པ་དེ་ནི་ཀྲུང་གོའི་རིམས་འགོག་སྨན་ཁབ་བསྟུན་མར་གཟེད་པའི་འཛམ་གླིང་ས་གནས་ཁག་གི་དམངས་ཚོགས་ཚོའི་རྒྱུན་གཏན་འཚོ་བ་སླར་གསོ་བྱུང་རྗེས་ཀྱི་མྱོང་ཚོར་རེད།
     “ས་གནས་ཀྱི་སྨན་བཅོས་ཆུ་ཚད་ཁྱོན་ཡོངས་ནས་ལེགས་སུ་གཏོང་བར་འབད་བརྩོན་བྱས”
     ཨེ་ཤེ་ཡ་ཤར་ལྷོ་ནས་ཨ་ཧྥེ་རི་ཁ་བར་དང་། འཛམ་གླིང་དབུས་ཤར་ས་ཁུལ་ནས་ལ་ཏིང་མེ་གླིང་བར་རིམས་འགོག་སྨན་ཁབ་ཞལ་འདེབས་རྒྱག་པ་དང་། ལག་རྩལ་ནང་བཤུག མཉམ་ལས་ཐོན་སྐྱེད། གསོ་སྦྱོང་སྤེལ་རེས་བཅས་ཀྱི་ནང་ཀྲུང་གོས་རྒྱལ་སྤྱིའི་རིམས་འགོག་དང་སྨན་བཅོས་འཕྲོད་བསྟེན་མཉམ་ལས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་ཡོད།
     ཀྲུང་གོས་ཀྲུང་གོའི་ཁེ་ལས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ལག་རྩལ་ནང་བཤུག་གཏོང་བར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁབ་20དང་མཉམ་དུ་རིམས་འགོག་སྨན་ཁབ་ཐོན་སྐྱེད་བྱེད་བཞིན་ཡོད། སར་པི་ཡ་རུ་ཡོ་རོབ་ས་ཁུལ་གྱི་ཀྲུང་གོའི་རིམས་འགོག་སྨན་ཁབ་ཀྱི་བཟོ་གྲྭ་དང་པོ་ན་ནིང་ཟླ་དགུ་པར་རྩིག་རྨང་བཏིང་བ་དང་འབྱུང་འགྱུར་དེ་ནས་ཐོན་སྐྱེད་བྱས་པའི་ཀྲུང་གོ་རྒྱལ་སྨན་གྱི་ཏོག་གསར་རིམས་འགོག་སྨན་ཁབ་ཀྱིས་སར་པི་ཡ་དང་པར་ཀེན་ས་ཁུལ་དང་དེ་བཞིན་རྒྱལ་ཁབ་གཞན་དག་གི་དགོས་མཁོ་སྐོང་རྒྱུ་རེད། ཆི་ལིར་ཀྲུང་གོ་ཁོའོ་ཤིན་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པའི་རིམས་འགོག་སྨན་ཁབ་ཀྱི་བཟོ་གྲྭ་འདི་ལོའི་ཟླ་བཞི་པར་སྤྱོད་འགོ་ཚུགས་རྒྱུ་དང་ལོར་རིམས་འགོག་སྨན་ཁབ་ཁྲི་6000ཐོན་སྐྱེད་བྱ་རྒྱུ་རེད། འཛམ་གླིང་ས་གནས་ཁག་ཏུ་ཡོད་པའི་ཀྲུང་གོའི་རིམས་འགོག་སྨན་ཁབ་བཟོ་གྲྭས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རིམས་འགོག་སྨན་ཁབ་མཁོ་འདོན་བྱེད་ཆེད་ལེགས་སྐྱེས་འབུལ་རྒྱུ་རེད།
     ཙན་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་གཉིས་པས་ཉིན་ཤས་གོང་། ཙན་པི་ཡ་ཝེ·མུའུ་ཝ་ནེ་ཝ་ས་སློབ་ཆེན་གྱི་སློབ་ཁྲིད་སྨན་ཁང་ལ་རིམས་འགོག་སྨན་བཅོས་དངོས་ཟོག་ཞལ་འདེབས་བརྒྱབ་ཅིང་། ཙན་པི་ཡ་འཕྲོད་བསྟེན་པུའི་ལས་འགན་རྒྱུན་འཛིན་དྲུང་ཆེ་ཆའོ་ཀྲེ·མན་ཀེ་ཝུན་ཏིའི་ཤིས་ཚིག་ནང་རིམས་འགོག་སྨན་བཅོས་དངོས་ཟོག་དེ་དག་སྨན་ཁང་གིས་དེ་བས་ལེགས་པའི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྨན་བཅོས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བར་ཕན་ཐོགས་ཡོད། ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་ཙན་པི་ཡའི་སྨན་བཅོས་མི་སྣ་གསོ་སྦྱོང་བྱས་ནས་ས་གནས་ཀྱི་སྨན་བཅོས་ཆུ་ཚད་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་ཡོད་ཅེས་བརྗོད།