འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་24ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོགས་མགོ་བརྩམས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་24ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོགས་མགོ་བརྩམས།
     མི་དམངས་དྲ་བ་ཟི་ལིང་ནས་ཟླ་1ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས20ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་ཟི་ལིང་དུ་གཟབ་རྒྱས་ངང་འཚོགས་མགོ་བརྩམས། གྲོས་ཚོགས་སྟེང་ཞུགས་དགོས་པའི་ཨུ་ཡོན396ཡོད་པ་དང་། དངོས་སུ་ཞུགས་མཁན340ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གྲོས་ཚོགས་ལ་བྱ་བའི་སྙན་ཞུ་ཕུལ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན་གྱིས་སྲིད་གྲོས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་དུ་གྲོས་ཚོགས་ལ་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་ཚུན་གྱི་གྲོས་གཞིའི་བྱ་བའི་གནས་ཚུལ་སྙན་ཞུ་ཕུལ།
     སྙན་ཞུའི་ནང་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་མངོན་གསལ་དོད་པོ་སྤྲས་ནས་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་དེ་བས་བརྟན་དུ་བཏང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ལྟེ་བའི་ལས་འགན་དང་བསྟུན་ནས་གྲོས་མོལ་ཇུས་འདོན་བྱས་ཏེ་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། ངོས་འཛིན་གཅིག་མཐུན་གྱི་འགན་ནུས་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་དགེ་མཚན་ཟམ་མི་ཆད་པར་ཆགས་པ། སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་བས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་དོན་གྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་ཏང་གིས་སྲིད་གྲོས་ལས་དོན་གྱི་འགོ་ཁྲིད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད། 
     སྙན་ཞུའི་ནང་ཁ་གསལ་བསྟན་དོན། 2022ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”ལག་བསྟར་བྱེད་པའི་གནད་འགག་གི་ལོ་ཡིན་ཞིང་། ཀྲུང་གོ་གུང་ཁྲང་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་མི་འགྱངས་བར་ཚོགས་རྒྱུ་ཡིན་པས། མི་དམངས་སྲིད་གྲོས་བྱ་བ་ལེགས་པོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་དམ་འཛིན་ལེགས་པོ་ཏན་ཏིག་བྱེད་པར་དམིགས། ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྱོན་ཡོངས་ལ་དམིགས་ནས་གྲོས་མོལ་སྲིད་གླེང་བྱས་ཏེ་ངོས་འཛིན་གཅིག་མཐུན་ཟབ་ཏུ་གཏོང་བ་དང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ལས་དོན་ཡག་པོ་བསྒྲུབས་ནས་སྲིད་གྲོས་ཀྱི་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་ཏང་གིས་སྲིད་གྲོས་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གཏོད་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། 
     2021ལོར། སྲིད་གྲོས་ཀྱི་ཨུ་ཡོན་དང་། སྲིད་གྲོས་ཁོངས་ཞུགས་མཁན་ལས་ཁུངས། ཆེད་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ལས་ཀའི་ཕྱོགས་ཡོངས་ལ་དམ་པོར་དམིགས་པ་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དམིགས་པ། “ས་ཁུལ་བཞིའི”འཛུགས་སྐྲུན་དང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། དེ་བཞིན་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མང་བའི་དཀའ་གནད་ལ་དོ་ཁུར་བྱེད་པ་བཅས་ཀྱི་གནད་དོན་ལ་དམིགས་ནས་ཐབས་འདོན་ཇུས་འགོད་ཧུར་ཐག་བྱས་ཏེ་བསྡོམས་པས་གྲོས་གཞི་380བཏོན་པ་དང་། ཞིབ་བཤེར་བྱས་རྗེས་གྲོས་གཞི286ཐོ་འགོད་བྱས། མིག་སྔར་གྲོས་གཞི་ཚང་མ་དུས་ལྟར་བསྒྲུབས་ནས་ལན་སློག་ཡོད།
  
【1】  【2】  【3】
༄༅།།མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོགས་མགོ་བརྩམས།
༄༅།།མཚོ་སྔོན་ཞིང་ཆེན་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་འཚོགས་མགོ་བརྩམས།