འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་21ཉིན།

༄༅།།ཕོ་ལན་གྱི་ཙུང་ཐུང་ཀྲུང་གོར་ཕེབས་པར་དགའ་བསུ་ཞུ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་21ཉིན། 15:39】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། གནས་ཚུལ་སྤེལ་བར་གཞིགས་ན། ཕོ་ལན་གྱི་ཙུང་ཐུང་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་ཡིན་ཞེས་བརྗོད་པའི་ཐད། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཟླ་1ཚེས་19ཉིན་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་བཤད་དོན། ཀྲུང་གོ་ཕྱོགས་ཀྱིས་ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏ་ཀྲུང་གོར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ། འདིས་རྒྱལ་སྤྱིའི་སྤྱི་ཚོགས“མཉམ་དུ་མ་འོངས་པར་ཕྱོགས་པའི”ཐུན་མོང་གི་བསམ་འདུན་གང་ལེགས་མཚོན་ཡོད། “པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་ཉེར་ཡོད་པས་ཀྲུང་གོར་ཕྱོགས་ཁག་དང་མཉམ་དུ‘སྔར་ལས་མཐུན་སྒྲིལ’གྱི་ཨོ་ལིན་ཕིག་གི་སྙིང་སྟོབས་ལག་ལེན་བསྟར་ནས། འཛམ་གླིང་ལ་སྟབས་བདེ་ཞིང་བདེ་འཇགས་དང་ངོ་མཚར་ཆེ་བའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་འཚོག་རྒྱུའི་ཡིད་ཆེས་ཡོད།