འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་21ཉིན།

༄༅།།བོད་ལྗོངས་ཀྱི་ལས་བྱེད་པ་གཅིག་ཉིས་འབུད་བཏང་། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་21ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཚོང་གཉེར་ཚད་ཡོད་ཀུང་སིའི་ལྟ་ཞིབ་པའི་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་ཟླ་བ་ཚེ་རིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ཐད་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད། 
   བརྟག་དཔྱད་བྱས་པ་བརྒྱུད། ཟླ་བ་ཚེ་རིང་གི་ཕུགས་བསམ་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་བསྐྱུར་བ། གཡར་འཛིན་གསབ་བྲིས་ཀྱིས་གནས་ཚུལ་ངོ་མ་གཡོ་འགེབས་བྱེད་ཐབས་བྱས་ནས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་ཁ་གཏད་བཅག་པ་དང་། མཐུན་གཙང་གི་དབྱེ་བ་མི་འབྱེད་པ།  དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་ལག་རྟགས་དང་སྐྱེལ་དངུལ་བླངས་ཤིང་། ཡུལ་སྐོར་བྱེད་སྒོའི་བཀོད་སྒྲིག་དང་ལེན་བྱས་པ། དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱིས་མཁོ་འདོན་བྱས་པའི་“གཉེར་པའི་རྣམ་པའི་”ཞབས་ཞུ་ལོངས་སྤྱོད་བྱས་པ། མི་སྒེར་གྱི་འབྲེལ་ཡོད་བྱ་དོན་རྣམས་ཇི་མ་ཇི་བཞིན་དུ་སྙན་སེང་མ་ཞུས་པ། སྒྲིག་འགལ་ངང་ཚོང་གཉེར་དང་ཁེ་ལས་གཉེར་ཞིང་ཁེ་གཉེར་རང་བཞིན་གྱི་བྱེད་སྒོ་གཉེར་བ། འགན་འཁྲི་ཡང་དག་མ་བསྒྲུབས་པ། མ་རབས་ཞེན་ཆགས་དོན་གཉེར་བྱས་ཏེ་རྒྱན་འགྱེད་ཀྱི་ངོ་བོ་ལྡན་པའི་རོལ་རྩེད་བྱེད་སྒོར་ཞུགས་པ། ལས་གནས་ཀྱི་སྟབས་བདེ་སྤྱད་ནས་གཞན་ལ་ཁེ་ཕན་གཉེར་ཐབས་བྱས་པ་དང་མི་གཞན་གྱི་རྒྱུ་དངོས་བླངས་པའི་གྲངས་འབོར་ཧ་ཅང་མང་པོ་ཡོད་པ་རེད།
   ཟླ་བ་ཚེ་རིང་གིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ཡོད་པས། འགན་གནས་ཐོག་གི་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་གྲུབ་ལ་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞིའང་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཚོད་མི་བཟུང་བ་དང་མཚམས་མ་བཞག་པ་དང་།ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ངོ་མི་ཚ་བ་དང་བྱ་སྤྱོད་ངན་པ་སྤེལ་མཚམས་མ་བཞག་པས། ངོ་བོ་ཤིན་ཏུ་ངན་ཞིང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་པས་ཐག་གཅོད་ནན་པོ་བྱེད་དགོས།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས།》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ལས་དོན་མི་སྣར་སྲིད་དོན་ཆད་གཅོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》སོགས་ཀྱི་ནང་གསལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ལྷ་ས་གྲོང་ཨུད་ལ་ཆོག་མཆན་ཞུས་པ་བརྒྱུད། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ཀྱིས་ཟླ་བ་ཚེ་རིང་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུའི་ཆད་པ་གཅོད་རྒྱུ་དང་། ལྷ་ས་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱིས་ཁོ་པ་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱ་རྒྱུའི་ཆད་པ་གཅོད་རྒྱུ། ཁོ་པའི་ཁྲིམས་འགལ་ལུགས་འགལ་གྱི་ཐོབ་ཆ་རྩིས་ལེན་བྱ་རྒྱུ། ཁོ་པའི་ཉེས་བསགས་དོགས་ཡོད་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱ་རྒྱུ། དེ་བཞིན་འབྲེལ་ཡོད་རྒྱུ་ནོར་ཡང་གྱོད་གཞི་དང་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཀྱི་གཏན་འབེབས་བྱས་འདུག