འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་21ཉིན།

༄༅།།བོད་ལྗོངས་འབྲི་རུ་རྫོང་གིས། “ཉམས་ཞན་ཚོགས་སྤྱིའི་བཅའ་ཁྲིམས་བློ་འདྲི་ལེ་དབར་ཁྲིར་སྐྱོད་པའི”བྱེད་སྒོ་སྤེལ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་21ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཁྲིམས་འཛིན་ཅུས་ཀྱིས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་བཅོས་སྒྲིག་གི“ཆེད་དོན་བྱ་སྤྱོད་ཆེ་གྲས་ལྔ”གོ་སྐབས་སུ་བྱས་ནས་བོད་སྐྱོར་ཁྲིམས་རྩོད་པ་དང་མཉམ་དུ་རྫོང་ཡོངས་ཀྱི་ཤང་གྲོང་10དང་གྲོང་ཚོ་དང་གྲོང་ལྷན་འགའ་ཞིག་ཏུ“ཉམས་ཞན་ཚོགས་སྤྱིའི་བཅའ་ཁྲིམས་བློ་འདྲི་ལེ་དབར་ཁྲིར་སྐྱོད་པའི”བྱེད་སྒོ་སྤེལ་བ་རེད།
     བྱེད་སྒོ་སྤེལ་སྐབས་བོད་སྐྱོར་ཁྲིམས་རྩོད་པ་ལིའུ་རུང་ཀྲེན་གྱིས་བུད་མེད་དང་། ན་སོ་དར་ལ་མ་བབས་པའི་མི། རྒན་རྒོན། ཞིང་པ་ལས་མི། དབང་པོ་སྐྱོན་ཅན་སོགས་ཉམས་ཞན་ཚོགས་སྤྱིར་བཅའ་ཁྲིམས་བློ་འདྲིའི་ཞབས་འདེགས་ཧུར་ཐག་ཞུས་ནས“གཅིག་གཏད་གཅིག་དང་ངོ་ཐུག་གདོང་འཕྲད”ཀྱི་བྱ་ཐབས་སྤྱད་དེ་མང་ཚོགས་ཀྱི་དོགས་གཞིར་ལན་བརྒྱབ་སྟེ་མང་ཚོགས་ཀྱི་བཅའ་ཁྲིམས་སྐོར་གྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་དང་གདེང་འཇོག་བཟང་པོ་ཐོབ་པ་རེད། ལྷག་པར་དུ་མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་རིན་པ་མི་དགོས་པར་གཏུག་བཤེར་ཚབ་སྒྲུབ་ཀྱི་ཞབས་འདེགས་ཞུས་པ་རེད། མང་ཚོགས་ཀྱིས་གོ་ཐུབ་པ་དང་། ཉན་ཐུབ་པ། ཉན་རྒྱུར་དགའ་བ་བཅས་བྱ་ཆེད། རྫོང་ཁྲིམས་འཛིན་ཅུས་ཀྱིས་ད་དུང་ཡིག་སྒྱུར་ལས་དོན་དང་འབྲེལ་ཡོད་སྲིད་ཇུས་སྒྲོག་འགྲེལ་གྱི་ལས་དོན་ཡང་ཡག་པོ་སྤེལ་བ་རེད།