འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་21ཉིན།

༄༅།།མཚོ་སྔོན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དཔྱད་དཔོག་ལས་དོན་ཏན་ཏིག་སྤེལ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་21ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་བསྟུད་མར་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་བློ་མོས་ཆེ་ཆུང་ལྟ་བའི་ཚོགས་འདུ་སྔ་རྗེས་སུ་འཚོགས་པ་རེད། ཞིང་ཨུད་ཀྱི་སྐོར་སྐྱོད་མཛུབ་ཁྲིད་ཚོགས་ཆུང་12ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དཔྱད་དཔོག་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་ཕན་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་གཅིག་གྱུར་བྱེད་པ་དང་ངོ་བོ་གཏན་འཁེལ་གྱི་དཔྱད་དཔོག་དང་བཅད་གྲངས་དབྱེ་ཞིབ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཕྱོགས་ཁག་གི་གདེང་འཇོག་དང་། བསམ་འཆར། གྲོས་འགོ་བཅས་ཉན་པ་དང་དངོས་ཐོག་བདེན་འཚོལ་དང་། དྲང་སྙོམས་དྲང་གཞག ཕྱོགས་ཡོངས་དང་ཕྱི་རོལ་ཡུལ་དང་མཐུན་པ་བཅས་ཀྱི་ཐོག་ནས་མཚོ་སྔོན་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་དང་ཕན་འབྲས་དཔྱད་དཔོག་བྱས་པ་རེད།
     ཟླ་1ཚེས་5ཉིན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་བློ་མོས་ཆེ་ཆུང་ལྟ་བའི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་དབྱང་དང་ཞིང་ཨུད་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕྱོགས་སྡོམ་ཚོགས་འདུའི་དགོངས་དོན་ལ་གཞིགས་ནས་ཐིང་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་དང་ཐོབ་པའི་གྲུབ་འབྲས་དངོས་ཕྱོགས་ཡོངས་དང་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་ཕྱོགས་སྡོམ་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དཔྱད་དཔོག་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལས་བཟོར་ཏང་འཛུགས་སྐྱོང་གི་རླབས་ཆེན་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ། སེམས་ནུས་གཅིག་སྒྲིལ་གྱིས་འགྲིམ་འགྲུལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་ཡག་པོ་རྩོམ་པ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།
     ཟླ་1ཚེས་7ཉིན་ཟི་ལིང་གྲོང་ཁྱེར་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་བློ་མོས་ཆེ་ཆུང་ལྟ་བའི་ཚོགས་འདུ་འཚོགས་ཏེ། སྐབས་བསྟུན་གྱི་ཚད་ལེན་དཔྱད་བསྡུར་གྱི་བྱེད་ཐབས་སྤྱད་ནས་ཏང་ཡོན་ལས་བྱེད་པ་དང་། མང་ཚོགས། ཞབས་འདེགས་ཞུ་ཡུལ་བཅས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་བཏོན་པའི་བསམ་འཆར་དང་གདེང་འཇོག་ཉན་ནས་བསྡུ་རུབ་བྱས་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་དང་ཕན་འབྲས་དངོས་ཤེས་རྟོགས་བྱས་པ་རེད། ཚོགས་འདུའི་ཐོག་སློབ་སྦྱོང་གི་གྲུབ་འབྲས་དེ་མུ་མཐུད་མདུན་སྐྱོད་བྱེད་པའི་བློ་སྟོབས་དང་སྟོབས་ཤུགས་སུ་འགྱུར་བ་བྱས་ནས་བརྩེ་སེམས་དང་སེམས་ནུས་གཅིག་སྡུད་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་རྒྱུན་ཆད་མེད་པར་མདུན་སྐྱོད་བྱས་ཐོག དངོས་དངོས་རྗེན་རྗེན་གྱི་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མངོན་པ་དང་དེ་བས་སྙིང་སྟོབས་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་འབད་འཐབ་ཀྱི་རྣམ་འགྱུར་ཐོག་ནས“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་རྒྱུར་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས་པའི་ནན་བཤད་བྱས་པ་རེད།
     ཟླ་1ཚེས་13ཉིན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕྱོགས་སྡོམ་དང་ཕན་འབྲས་ལ་བློ་མོས་ཆེ་ཆུང་ལྟ་བའི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་མཁན་དང“སྲུང་སྐྱོང་གཉིས”ཀྱི་བློ་བརྟན་འགྱུར་མེད་ཀྱི་ལག་བསྟར་བྱེད་མཁན་རང་རྟོགས་ངང་བྱས་ཏེ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། རིག་གནས་དང་ཡུལ་སྐོར་གྱི་གཡུལ་སའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། གཞི་རིམ་གྱི་སྒྲོག་འགྲེལ་དང་། རིག་རྩལ་འཁྲབ་སྟོན། རིག་གནས་ཞབས་ཞུ། གསར་བརྗེའི་ཡུལ་སྐོར་བཅས་ཀྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ། ཏང་འཛུགས་སྐྱོང་གི་རླབས་ཆེན་སྙིང་སྟོབས་ལག་ལེན་བསྟར་བ། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ་བཅས་བྱས་ཏེ་འགྱུར་མེད་ཀྱི་བསམ་བློར་བརྟེན་ནས་རིག་གནས་ཡུལ་སྐོར་བྱ་གཞག་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
     ཟླ་1ཚེས་14ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་སྤྱི་བདེ་ཅུས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་གདེང་འཇོག་གི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ཁོངས་གཏོགས་ཁུལ་གྱི་ཞབས་འདེགས་ཞུ་ཡུལ་གྱི་འཐུས་མི་གདན་དྲངས་པ་རེད། ཚོགས་འདུའི་ཐོག་ཏང་གི་སྔོན་ཐོན་རིགས་པའི་གཞུང་ལུགས་དེ་སྤྱི་བདེའི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས་ནས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་སྤྱི་བདེའི་ལས་སྒོའི་ལས་དོན་ཏན་ཏིག་སྤེལ་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།