འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་20ཉིན།

༄༅།།དམངས་ཕན་བྱ་བ་འདི་དག་ཁྱེད་དང་འབྲེལ་བ་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་20ཉིན། 15:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དྲུག་པ་ཟླ་1ཚེས་17ཉིན་འགོ་ཚུགས་ཤིང་། ཞིང་ཆེན་གྱི་འགོ་འཛིན་རེན་ཀྲེན་ཧོ་ཡིས་སྲིད་གཞུང་གི་ལས་དོན་སྙན་ཞུ་འབུལ་སྐབས་2022ལོར་མུ་མཐུད་ནོར་ཤུགས་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་དམངས་ལ་བྱ་བ་དངོས་10ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།
     1.སློབ་གྲྭ་འབྲིང་ཆུང་དུ“ཉལ་ཁང་སྐྲུན་པ། ཟ་ཁང་རྒྱ་བསྐྱེད་པ།  སློབ་གནས་གསབ་སྣོན། གསང་སྤྱོད་བསྒྱུར་བཀོད”བྱ་རྒྱུ་སྟེ། གཙོ་གནད་རོགས་སྐྱོར་རྫོང་23གྱི་སློབ་གྲྭ་འབྲིང་ཆུང་དུ་དགེ་རྒན་གྱི་ཉལ་ཁང་900གསར་སྐྲུན་དང་བསྐྱར་སྐྲུན་བྱ་རྒྱུ། འོས་འགན་སློབ་གསོའི་སློབ་གྲྭ་འབྲིང་ཆུང་དུ་ཟ་ཁང་549གསར་སྐྲུན་དང་རྒྱ་བསྐྱེད་བྱ་རྒྱུ། གྲོང་ཁྱེར་དང་ཁུལ་སྲིད་གཞུང་གནས་སའི་གྲོང་ཁུལ་14ཡི་སློབ་གྲྭ་འབྲིང་ཆུང་གི་སློབ་གནས་ཁྲི་2གསབ་སྣོན་བྱ་རྒྱུ། སློབ་གྲྭ་འབྲིང་ཆུང་གི་གསང་སྤྱོད་261བསྒྱུར་བཀོད་བྱ་རྒྱུ། 
     2.ཤང་དང་གྲོང་བརྡལ(ཁྲོམ་གཞུང)ཕྱོགས་བསྡུས་རྒན་གསོའི་ཞབས་ཞུ་ལྟེ་གནས་120འཛུགས་སྐྲུན་བྱ་རྒྱུ།
     3.མི་ཐེངས་ཁྲི་40འམ་ཡང་ན་སྲིད་གཞུང་གི་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་མ་ཐུབ་པའི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ་ཁྲི་1གཞི་རིམ་དུ་ལས་ཞུགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།
     4.གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱེད་པའི་ཁྱིམ་ཚང་གི་བུ་ཕྲུག་མཐོ་རིམ་སློབ་གྲྭ་དཀྱུས་མར་སློབ་ཞུགས་རོགས་དངུལ་སྤྲོད་པའི་ཐོག་ནས་དངོས་གཞིའི་སློབ་གྲྭ་ཆེན་མོར་འཕྲོད་པར་ཐེངས་གཅིག་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི་1སྤྲོད་རྒྱུ་དང་། ཆེད་སྦྱོང(མཐོ་རིམ་ལས་རིགས་སློབ་གསོའི་ཆེད་སྦྱོང)སློབ་ཆེན་ལ་འཕྲོད་པར་སྤྲོད་ཐེངས་གཅིག་ལ་སྒོར་8000སྤྲོད་རྒྱུ།
     5.བུད་མེད་ཁྲི་20ལ“སྐྲན་ནད་གཉིས”བརྟག་དཔྱད་བྱེད་པར་སྨན་རིན་མི་དགོས་པ་བྱ་རྒྱུ། 
     6.ས་གཤིས་གནོད་འཚེ་ཕོག་ཁུལ་གྱི་ཞིང་དུད་4000ལ་ཉེན་གཡོལ་གནས་སྤོ་ལག་བསྟར་བྱ་རྒྱུ།
     7.སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་དང་རྒན་རྒོན་གྱི་ “གཅོང་ནད་རིགས་བཞིའི”བདེ་ཐང་དོ་དམ་ཆུ་ཚད་མཐོ་རུ་གཏོང་རྒྱུ།
     8.“ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པའི་ས་ཚུགས”100འཛུགས་རྒྱུ།
     9.སྤྱི་ལེ་ཁྲི་1ཟིན་པའི་རང་བྱུང་གྲོང་ཚོའི(ཚན་ཁག)ཨར་འདམ་གཞུང་ལམ་བཟོ་རྒྱུ།
     10“མཐའ་མའི་སྤྱི་ལེ་གཅིག་ཤར་བགྲོད་ཐུབ་པའི”གྲོང་གསེབ་ཀྱི་ཆུ་བེད་དམངས་ཕན་ལས་གྲྭ་སྐྲུན་རྒྱུ།