འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་19ཉིན།

༄༅།།“ཆུ་ཚོད་24ཡི་རང་འགུལ་འཁོར་རིགས་དོ་དམ་སུའོ”ཉིང་ཁྲིར་བཙུགས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་19ཉིན། 15:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།“ཆུ་ཚོད་24ཡི་རང་འགུལ་འཁོར་རིགས་དོ་དམ་སུའོ”ཉིང་ཁྲིར་བཙུགས་པ།
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། འགྲིམ་འགྲུལ་དོ་དམ་ཞབས་ཞུ་རིག་ནུས་ཅན་དང་། ཆ་འཕྲིན་ཅན། སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ། རྒྱ་ཆེའི་མང་ཚོགས་ཚོས་ཁྱིམ་གྱི་སྒོ་རྩ་ནས་རླངས་འཁོར་དང་ཁ་ལོ་བའི་དོ་དམ་ལས་སྒོའི་སྟབས་བདེ་ལོངས་སྤྱོད་ཐུབ་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སུའོ་ཡིས“ཆུ་ཚོད་24ཡི་རང་འགུལ་འཁོར་རིགས་དོ་དམ་སུའོ”གྲོང་ཁྱེར་སྲིད་གཞུང་གི་ཞབས་ཞུའི་ལྟེ་གནས་སུ་བཙུགས་ནས་གཉེར་སྐྱོང་བྱས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། རང་འགུལ་འཁོར་རིགས་དོ་དམ་སུའོ་དེས་འཕྲུལ་སྒུལ་འཁོར་རིགས་དང་ཁ་ལོ་བའི་ལག་ཁྱེར་གྱི་སྒྲིག་འགལ་གནས་ཚུལ་འདྲི་རྩད་དང་འབྲེལ་གཏུག་བྱེད་སྟངས་སྒྱུར་བ་སོགས་ཀྱི་རླངས་འཁོར་དང་ཁ་ལོ་བའི་དོ་དམ་ལས་སྒོ་གཉེར་གྱི་ཡོད་པ་དང་། ཉིན་མཚན་དབྱེར་མེད་ངང་གཅིག་འཐུས་རྣམ་པའི་ཐོག་ནས་རླངས་འཁོར་དང་ཁ་ལོ་བའི་དོ་དམ་གྱི་འབྲེལ་ཡོད་ལས་སྒོ་གཉེར་གྱི་ཡོད་པས། ཆུ་ཚོད་8ཀྱི་ལས་ཀའི་དུས་ཚོད་ཕུད་ལས་སྒོ་གཉེར་བའི་སྟོང་ཆ་བསྐངས་ནས་རླངས་འཁོར་དང་ཁ་ལོ་བའི་དོ་དམ་ལས་སྒོ་དེ“ངོ་ཐུག་གདོང་འཕྲད”ནས“མཐེབ་གཞོང་གནོན་པའི”བར་གྱི་མཆོང་སྐྱོད་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།