འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་19ཉིན།

༄༅།།ཞིང་ཆེན་འདིའི་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་349.9ཟིན་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་19ཉིན། 15:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བར་ཟི་ལིང་ནས་ཟླ་1ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་17ཉིན་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཅུས་ཀྲང་གི་ཚོགས་འདུ་འཚོགས་ནས་2021ལོའི་ལས་དོན་ལ་ཕྱོགས་སྡོམ་དང་2022ལོའི་ལས་འགན་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག་བསམ་བློའི་ངོས་འཛིན་སྔར་ལས་གཅིག་གྱུར་དང་དམིགས་ཚད་ལས་འགན་ཁ་གསལ་བཟོས་ནས་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོར་མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ནས་པུའུ་དང་ཞིང་ཆེན་བར་མཉམ་ལས་བྱས་ཏེ་མཚོ་སྔོན་ཉིད་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་དུ་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་ཆེད་དོན་འཆར་འགོད་9བཟོས་བ། མ་དངུལ་སྒོར་དུང་ཕྱུར་103.78གཏོང་བ། རྣམ་གྲངས་648ལག་ལེན་བསྟར་བ་བཅས་རེད། ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་3973.42ལ་སྣེ་ལེན་བྱས་པ་དེ་ལོ་གོང་མའི་དུས་མཉམ་ལས་20%འཕར་ཡོད་པ་རེད། ཡུལ་སྐོར་གྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་349.9ཟིན་པ་དེ་ལོ་གོང་མའི་དུས་མཉམ་ལས་20.7%འཕར་ཡོད།
     གོམ་སྟབས་རྗེས་མར། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཚོགས་ཤེས་དཔལ་ལ་སྐུལ་འདེད་གཏོང་བ་དེས་རིག་རྩལ་གསར་རྩོམ་དང་ཐོན་སྐྱེད་རིམ་སྤར་དང་དམ་འཛིན་དང་། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རིག་གནས་དང་ཡུལ་སྐོར་ཁྲོམ་རའི་གསོ་སྐྱོང་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཕྱི་ཕྱོགས་སྒོ་དབྱེའི་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། རིག་གནས་དང་ཡུལ་སྐོར་ཁྱབ་ཁོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་ཤུགས་སྣོན་རྒྱག་པ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཁག་བཅུ་གཙོ་གནད་དུ་འཛིན་རྒྱུ་དོན་འཁྱོལ་བྱེད་པ། རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་དུ་གཏོད་རྒྱུ་མཐའ་འཁྱོངས་ཀྱིས་པུའུ་དང་ཞིང་ཆེན་གྱི་མཉམ་སྐྲུན་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་ནས《མཚོ་སྔོན་གྱིས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་དུ་གཏོད་པའི་བྱ་སྤྱོད་ཀྱི་ཇུས་གཞི》ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ“མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་སྣོད་བཅུད་ཡུལ་སྐོར”སྤུས་རྟགས་རྒྱལ་ཡོངས་སུ་སྐད་གྲགས་ཆོད་ནས་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། 
     ཚོགས་འདུའི་ཐོག་ད་དུང《2021ལོ་འཁོར་གྱི་ཞིང་ཆེན་དེ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁོངས་གཏོགས་ལ་བྱ་དགའ་ཐོབ་པའི་གནས་ཚུལ་སྐོར་གྱི་བརྡ་ཁྱབ》ཁྱབ་བསྒྲགས་བྱས་པ་དང་འབྲེལ་སྔོན་ཐོན་ཚོགས་སྤྱི་དང་མི་སྒེར་ལ་གཟི་བརྗིད་དཔང་ཡིག་ཀྱང་སྤྲད་པ་རེད།