འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་19ཉིན།

༄༅།།རྒྱ་གར་གྱི་ཙུང་ལི་ཡིས་ནན་བཤད་བྱས་དོན། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་19ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཚེས་17ཉིན་རྒྱ་གར་གྱི་ཙུང་ལི་མོ་ཏི་2022ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་ལམ་ཚོགས་འདུར་ཕེབས་པ་མ་ཟད་གཏམ་བཤད་ཀྱང་གནང་བ་སྟེ། རྒྱ་གར་གནོད་མེད་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་ཡིན་པ་ནན་བཤད་གནང་བ་རེད།    
   མོ་ཏི་ཡིས་རྒྱ་གར་གྱིས་2070ལོར་སླེབས་སྐབས། ཐཱན་གཙང་འབུད་ཀྱི་དམིགས་འབེན་མངོན་འགྱུར་བྱ་རྒྱུའི་ཁས་ལེན་བྱས་པ་དང་། མ་འོངས་པར་རྒྱ་གར་གྱི་འཕེལ་རྒྱས་ནི་ལྗང་མདོག་དང་། གཙང་མ། རྒྱུན་མཐུད་བཅས་ཀྱི་འཕེལ་རྒྱས་ཤིག་ཡིན་པ་རེད་ཅེས་བཤད།
   མོ་ཏིས་རྒྱ་གར་གྱིས་ཚོང་གཉེར་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་ལས་རིགས་ཀྱི་ཚད་བཀག་མེད་པར་བཟོ་བ་དང་། ཁེ་ལས་ཀྱི་ཁྲལ་ཚད་དམའ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་གི་ཡོད་ཅེས་བཤད་པ་རེད། རྒྱ་གར་གྱིས་འབྱུང་འགྱུར་ལོ་25ཡི་རིང་གི་འཕེལ་རྒྱས་ལ་འཆར་འགོད་བཟོ་བཞིན་ཡོད། དེའི་དམིགས་ཡུལ་ནི་དཔལ་འབྱོར་མགྱོགས་མྱུར་གྱིས་འཕར་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་སྤྱི་ཚོགས་ཕན་བདེ་དང་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རེད།
   མོ་ཏི་ཡིས་ད་དུང་ད་བར་རྒྱ་གར་གྱིས་ཏོག་གསར་རིམས་ནད་འགོག་ཁབ་དུང་ཕྱུར་16བརྒྱབ་ཡོད་པ་མ་ཟད། རྒྱལ་ཁབ་གཞན་དག་ལ་སྨན་དང་རིམས་འགོག་སྨན་ཁབ་མཁོ་འདོན་བྱ་རྒྱུ་ཡིན་པ་བསྟན། མིག་སྔར། རྒྱ་གར་གྱིས་ཏོག་གསར་རིམས་ནད་སྐོར་གསར་པ་ལ་འགོག་རྒོལ་བྱེད་བཞིན་ཡོད་པ་མ་ཟད། རིམས་ནད་ཀྱི་གནས་ཚུལ་ཐོན་རིང་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་མཐའ་འཁྱོངས་ཧུར་ཐག་བྱེད་བཞིན་ཡོད་པ་རེད།