འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་19ཉིན།

༄༅།།འཛམ་གླིང་གི་ཨང་དང་པོ་རེད།  

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་19ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འཛམ་གླིང་གི་ཨང་དང་པོ་རེད།
    མི་དམངས་དྲ་བའི་འཕྲིན། ཚེས་16ཉིན་ཀྲུང་གོ་གྲུ་གཟིངས་བཟོ་ལས་ལས་རིགས་མཐུན་ཚོགས་ཀྱིས་2021ལོར་རང་རྒྱལ་གྱིས་གྲུ་བཟོ་ལས་རིགས་ཀྱི་དམིགས་ཚད་ཆེན་པོ་གསུམ་དེ་གོ་ལ་ཧྲིལ་པོའི་ཨང་དང་པོར་མུ་མཐུད་རྒྱུན་འཁྱོངས་བྱས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་པར་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད། གཞན་ཡང་། ཀྲུང་གོ་གྲུ་གཟིངས་བཟོ་ལས་ལས་རིགས་མཐུན་ཚོགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། 2022ལོར་རང་རྒྱལ་གྱི་ལྗིད་ཐེག་ཏུན་གྲངས་ཀྱི་གྲུ་གཟིངས་བཟོས་ཚར་ཚད་ཁྲི་4000ལྷག་ཙམ་ཟིན་རྒྱུ་ཡིན་པ་རེད།
   གསར་དུ་བཏོན་པའི་གྲུབ་འབྲས་འགོད་ཐོའི་ཐོག་གྲུ་གཟིངས་བཟོས་ཚར་ཚད་དང་། གསར་དུ་འབྱོར་བའི་སྔོན་མངགས་བྱེད་ཚད། ལག་ཏུ་ཡོད་པའི་སྔོན་མངགས་བྱེད་ཚད་བཅས་ཐད་ནས་ཀྲུང་གོའི་གྲུ་གཟིངས་ཁེ་ལས་ཀྱིས་འཛམ་གླིང་བསྡོམས་འབོར་གྱི་50%ཙམ་ཟིན་ནས་གོ་ལ་ཧྲིལ་པོའི་ཨང་དང་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། དེའི་ནང་། རང་རྒྱལ་གྱི་གྲུ་གཟིངས་ཁེ་ལས་ཆེ་ཤོས་ཡིན་པའི་ཀྲུང་གོའི་གྲུ་གཟིངས་ཚོགས་པས་2021ལོར་གྲུ་གཟིངས་ཆེ་གྲས་གསུམ་བཟོ་རྒྱུའི་དམིགས་ཚད་ཀྱིས་ལྷོ་ཁོ་རེ་ཡའི་དེང་རབས་ལྕི་བའི་བཟོ་ལས་ལས་ཐེངས་དང་པོར་བརྒལ་ནས་གོ་ལ་ཧྲིལ་པོའི་གྲུ་གཟིངས་བཟོ་གྲྭ་ཆེ་ཤོས་སུ་གྱུར་བ་དང་། གྲུ་གཟིངས་206བཟོས་ཚར་རྩིས་སྤྲོད་བྱས་པ་དེས་གོ་ལ་ཧྲིལ་པོའི་ཁྲོམ་རའི་ཐོབ་སྐལ་གྱི་20.2%བཟུང་ཡོད། གསར་དུ་མངགས་ཐོ་རྩིས་ལེན་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར་1301.5ཟིན་པས་དེས་2008ལོ་ཚུན་གྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
   2021ལོར་རང་རྒྱལ་གྱི་གྲུ་གཟིངས་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོའི་72.7%ཟིན་པའི་རྫས་འགྱུར་དངོས་རྫས་གྲུ་གཟིངས་མངགས་ཐོ་དང་ལེན་བྱས་ཡོད་ཅིང་། མངགས་ཐོ་དེ་རིགས་ཆེས་ཆེར་འཕར་བ་དེས་ཟུང་མཚན་རིགས་ཀྱི་བཙའ་མི་རྒྱག་པའི་ངར་ལྕགས་ཀྱི་དགོས་མཁོ་ཆེ་རུ་འགྲོ་རྒྱུར་ཐད་ཀར་སྐུལ་ཁྲིད་ཐུབ་ཡོད།
   སྔོན་དཔག་བྱས་ན་2022ལོར། རང་རྒྱལ་གྱི་ལྗིད་ཐེག་ཏུན་གྲངས་ཀྱི་གྲུ་གཟིངས་བཟོས་ཚར་ཚད་ཁྲི་4000ལས་བརྒལ་རྒྱུ་ཡིན་པ་དེས་ལྕགས་རིགས་མདོག་ཅན་དང་། གློག་རྡུལ་གློག་ཤུགས། འཕྲིན་གཏོང་ཕྱོགས་སྟོན་སོགས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྔར་བས་སྐུལ་ཁྲིད་ཐུབ་རྒྱུ་རེད།
༄༅།།འཛམ་གླིང་གི་ཨང་དང་པོ་རེད།