འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་18ཉིན།

༄༅།།ལྷ་སའི་ལས་བྱེད་པ་ཞིག་ཉིས་འབུད་བཏང་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་18ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ཀྱི་དེ་སྔའི་རིམ་བཞིའི་བརྟག་ཞིབ་པ་དང་སྟག་རྩེ་ཆུས་རང་བྱུང་ཐོན་ཁུངས་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཉི་མ་དོན་གྲུབ་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ཐད་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱས་པ་རེད།   
   ཞིབ་བཤེར་བྱས་པ་བརྒྱུད། ཉི་མ་དོན་གྲུབ་ཀྱི་ཕུགས་བསམ་དང་དད་སེམས་དོར་ནས་ཐོག་མའི་བསམ་འདུན་ལས་འགལ་ཏེ་ཏང་ལ་བློ་དཀར་སེམས་དཀར་མིན་ཅིང་གཞུང་དྲང་མིན་པས། གཞན་དང་རྒོལ་སྲུང་མནའ་མཐུན་བཙུགས་ནས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་ཁ་གཏད་འཇལ། དཔོན་པོས་རྒྱུ་ཚོད་མ་ཟིན་པས་གཞུང་དོན་དྲང་གཞག་ལ་ཤུགས་རྐྱེན་བཟོ་ངེས་ཡིན་པའི་ལག་རྟགས་དང་སྐྱེས་དངུལ་བླངས་པ་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལག་བསྟར་མི་བྱེད་པར་དོན་དག་གལ་ཆེན་བརྒྱ་ཁ་གཅིག་གཅོད་བྱེད་པ། ཁྲིམས་འགལ་གྱིས་ཁེ་གཉེར་རང་བཞིན་གྱི་བྱེད་སྒོ་སྤེལ་བ། ས་ཞིང་ནང་བཤུག་དང་ངོ་བོ་བསྒྱུར་བ་སོགས་ཀྱི་ཐད་འགན་དབང་གང་བྱུང་དུ་སྤྱད་དེ་གཞན་ལ་ཁེ་ཕན་སྒྲུབ་པ་མ་ཟད་རྒྱུ་ནོར་འབོར་ཆེན་བླངས་ཡོད།
   ཉི་མ་དོན་གྲུབ་ནི་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་བ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་ནས་ལས་གནས་ཁྲིམས་འགལ་ཚབས་ཆེན་དང་། ལྐོག་རྔན་ཟོས་པའི་ནག་ཉེས། འགན་དབང་གང་བྱུང་དུ་སྤྱད་པའི་ནག་ཉེས་བསགས་པའི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་རང་ཚོད་མི་ཟིན་པ་དང་མཚམས་མི་འཇོག་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་སུ་ངོ་ཚ་མེད་ཅིང་སྔར་བཞིན་མཚམས་མ་བཞག་པས། ངོ་བོ་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་ཡིན་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ལྷ་ས་གྲོང་ཨུད་ལ་ཆོག་མཆན་ཞུས་ནས་ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ཀྱིས་ཉི་མ་དོན་གྲུབ་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་བཅད་པ་དང་། ལྷ་ས་གྲོང་ཁྱེར་ལྟ་ཞིབ་ཨུ་ལྷན་གྱིས་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་བཅད། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་དགོས། དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱས་པ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་གྱོད་གཞི་དང་མཉམ་དུ་སྐྱེལ་སྤྲོད་བྱས་ཡོད།