འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་18ཉིན།

༄༅།།ཀན་སུའུ་རུ“དངུལ་ཁང་དང་ཁྲལ་དོན་མཉམ་ལས”བྱེད་ཤུགས་ཆེ་རུ་བཏང་བ།

ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཁྲི་3ལ་དངུལ་བུན་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་18ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་གསར་འགོད་པས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀན་སུའུ་ཞིང་ཆེན་ཁྲལ་དོན་ཅུས་ནས་ཤེས་རྟོགས་བྱས་པར། 2021ལོར་ཀན་སུའུ་ཞིང་ཆེན་གྱིས“དངུལ་ཁང་དང་ཁྲལ་དོན་མཉམ་ལས”བྱས་ཏེ་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཁྲི་3.18ལ་དངུལ་བུན་སྒོར་དུང་ཕྱུར་929བཏང་བའི་དངུལ་བུན་བསྡོམས་འབོར་དུས་མཚུངས་ལས་86%འཕར་ཏེ་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ཁེ་ལས་བརྟན་པོ་དང་ལས་ཞུགས་བརྟན་པོ་ཡོང་བ་ཡང་རྒྱབ་སྐྱོར་ནུས་ལྡན་ཐུབ་ཡོད།
   ཤེས་རྟོགས་བྱུང་བར་གཞིགས་ན། “དངུལ་ཁང་དང་ཁྲལ་དོན་མཉམ་ལས”ནི་ཁྲལ་དོན་སྡེ་ཚན་དང་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས། ཁྲལ་འཇལ་མཁན་གྱི་ཡིད་རྟོན་གདེང་འཇོག་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ་ཁེ་ལས་ཀྱི་ཁྲལ་འཇལ་ཡིད་རྟོན་ཕན་འབྲས་ལྡན་པའི་ངང་ཡིད་རྟོན་དངུལ་བུན་གྱི་ཡིད་རྟོན་ལ་སྒྱུར་བ་བྱས་ནས་ཁ་དན་ཚིག་གནས་ཀྱི་ཁེ་ལས་ལ་རོགས་རམ་བྱས་ཏེ་མགྱོགས་མྱུར་མ་དངུལ་བསྡུ་སྒྲིལ་ཐུབ་ཆེད་རོགས་རམ་བྱ་རྒྱུ་དེ་ཡིན་པ་རེད། མིག་སྔར་ཀན་སུའུ་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་ཞིང་ཆེན་ཡོངས་ཀྱི་དངུལ་ཁང་21དང་ཡིན་རྟོན་མཉམ་སྤྱོད་ལམ་སྲོལ་བཙུགས་ཏེ་རིམ་རྩིས་བྱས་ན“དངུལ་ཁང་དང་ཁྲལ་དོན་མཉམ་ལས”ཀྱི་ཐོན་རྫས་40བཏོན་ཡོད་པ་རེད།