འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་17ཉིན།

༄༅།།གནམ་ཐང་འདིའི་འགག་སྒོས་ཐེངས་དང་པོར་ལམ་བར་འཛིན་བཟུང་ཐུབ་པ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་17ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གནམ་ཐང་འདིའི་འགག་སྒོས་ཐེངས་དང་པོར་ལམ་བར་འཛིན་བཟུང་ཐུབ་པ།
    མི་དམངས་དྲ་བའི་འཕྲིན། ཕུའུ་ཏུང་གནམ་ཐང་གི་འགག་སྒོས་རང་རྒྱལ་གྱི་མངའ་ཁོངས་སུ་འཛུལ་བའི་དངོས་ཟོག་ཁྲོད་ནད་འཁྱེར་སྐྱེ་དངོས(བྱི་བ་རིགས)རྙེད་འདུག
   མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཕུའུ་ཏུང་གནམ་ཐང་གི་འགག་སྒོས་རང་རྒྱལ་གྱི་མངའ་ཁོངས་སུ་འཛུལ་བའི་དུས་གཏན་གནམ་གྲུ་ཞིག་ལ་ལམ་བར་དུ་བཀག་ནས་ཐག་གཅོད་བྱེད་དུས།
ཚོར་སྐྱེན་ཆེ་བའི་འགག་སྒོའི་ལས་སྒྲུབ་མི་སྣས་གནམ་གྲུའི་ནང་ཡོད་པའི་དངོས་ཟོག་ཐུམ་སྒྲིལ་ལ་ཆག་རལ་ཡོད་ཅིང་། ཆག་རལ་ཡོད་སར་སོ་མི་བརྗེ་བའི་རིགས་ཀྱི་སྲོག་ཆགས་ཀྱིས་སོ་བཏབ་པའི་རྗེས་ཤུལ་ཡོད་པ་ཤེས་རྟོགས་བྱུང་མ་ཐག འགག་སྒོའི་ལས་སྒྲུབ་མི་སྣས་འཕྲལ་མར་ཁག་ཐེངས་དེའི་དངོས་ཟོག་ལ་གྲལ་བཤེར་བྱས་ཚེ། མཁའ་འགྲུལ་པང་ལེབ་ཐོག་བྱི་བ་ཤི་རོ་ཞིག་མཐོང་བ་རེད།       
    བྱི་རོ་མཐོང་རྗེས། ཕུའུ་ཏུང་གནམ་གྲུ་ཐང་གི་འགག་སྒོས་འཕྲལ་མར་མཁོ་བསྟུན་གྲ་སྒྲིག་ཇུས་གཞི་ལག་བསྟར་བྱས་ཏེ། འབྲེལ་ཡོད་དངོས་ཟོག་ལ་ལས་ཡུལ་དངོས་སུ་ལོགས་བཀར་བྱས་ནས། བྱི་འཛིན་པང་ལེབ་དང་བཙིར་བྱེད་སོགས་ཡོ་བྱད་བཞག་ནས་ལས་ཡུལ་དངོས་ནས་བཀག་སྡོམ་བྱེད་ཐབས་སྤྱོད་པ་དང་། བྱི་བ་རིགས་ཀྱི་འགུལ་སྐྱོད་གནས་ཚུལ་ལ་ཞིབ་བཤེར་ཞིབ་མོ་བྱས་ཤིང་།བྱི་བ་གསོན་པོ་ཡོད་མེད་གཏན་འཁེལ་བྱས་རྗེས། དངོས་ཟོག་དེ་དག་ལ་བྱི་བ་དང་གནོད་འབུ་རྩ་མེད་བཟོ་བ། དུག་སེལ་བ་བཅས་བྱས་པ་རེད། ཕྱིས་སུ་ཧྲང་ཧའེ་འགག་སྒོའི་ནད་སྦྱོར་སྐྱེ་དངོས་ཚོད་ལྟ་ཁང་གིས་ཆོད་སྡོམ་བྱས་པ་བརྒྱུད། བྱི་རོ་དེ་ནི་ཁྱིམ་གནས་བྱི་བ་ནག་པོའི་རིགས་ཡིན་པ་དང་། འདི་ཡང་ཕུའུ་ཏུང་གནམ་གྲུ་ཐང་གི་འགག་སྒོས་རྒྱལ་ནང་དུ་ཡོང་བའི་དངོས་ཟོག་ཁྲོད་ནས་ནད་འཁྱེར་སྐྱེ་དངོས(བྱི་བ་རིགས)རྙེད་པ་དང་པོ་ཡིན།
   ཉེ་བའི་ལོ་ཤས་རིང་། ཕུའུ་ཏུང་གནམ་ཐང་གི་འགག་སྒོ་ལས་ཁུངས་ཀྱིས་འགག་སྒོ་སྲུང་གནས་སྔོན་སྤོར་ཏེ། དངོས་ཟོག་རྒྱལ་ཁོངས་སུ་མ་འཛུལ་གོང་ནད་ཡམས་ཞིབ་བཤེར་བྱ་ཆེད་སྔོན་ལ་ལམ་བར་དུ་བཀག་ནས་ཐག་གཅོད་བྱས་ཏེ། རྒྱལ་ཁོངས་སུ་འཛུལ་བའི་དངོས་ཟོག་ལ་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་དང་སྲོག་ཆགས་དང་རྩི་ཤིང་ལ་ནད་ཡམས་ཞིབ་བཤེར་བྱེད་པའི་ལས་དོན་ཐད་ཁྱོན་ཡོངས་ནས་སྔོན་དུ་ལམ་བར་དུ་བཀག་ནས་ཐག་གཅོད་བྱས་ནས། དངོས་ཟོག་ལ་ནད་ཡམས་ཞིབ་བཤེར་མ་བྱས་གོང་གི་འཁོར་རྒྱུག་ལྷུ་ཚིགས་ཚད་ཆེས་ཆེར་ཉུང་དུ་གཏོང་བ་དང་། ནད་ཡམས་མཆེད་པའི་ཉེན་ཁ་ཆུང་དུ་གཏོང་བ་བྱས་ཡོད།