འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་14ཉིན།

༄༅།།སྨན་ཁང་འདི་གཉིས་སྒོ་བརྒྱབ་ནས་དག་ཐེར་བྱེད་དུ་བཅུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་14ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་13ཉིན། ཞི་ཨན་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《ཞི་ཨན་ཀའོ་ཞིན་སྨན་ཁང་དང་ཞི་ཨན་རྒྱལ་སྤྱིའི་གསོ་རིག་ལྟེ་གནས་སྨན་ཁང་ཐག་གཅོད་བྱས་ཚུལ་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་རེད། ཞིབ་ཕྲའི་ནང་དོན་གཤམ་གསལ།
རིམས་ནད་བྱུང་རྗེས། ཞི་ཨན་གྱི་ཀའོ་ཞིན་སྨན་ཁང་དང་། ཞི་ཨན་གྱི་རྒྱལ་སྤྱིའི་གསོ་རིག་ལྟེ་གནས་སྨན་ཁང་གིས་“མི་དམངས་ནི་བླ་ན་མེད་པ་དང་། ཚེ་སྲོག་ནི་བླ་ན་མེད་པ་ཡིན”ཞེས་པ་སྨན་བཅོས་སྲོག་སྐྱོབ་ལས་ཀའི་ནང་དུ་ལག་བསྟར་དོན་འཁྱོལ་བྱེད་ཐུབ་མེད། འགན་འཁྲིའི་འདུ་ཤེས་ཞན་པ་དང་། སྲོག་སྐྱོབ་ནད་བཅོས་ཀྱི་འགན་འཁྲི་སྒྲུབ་མ་ཐུབ་པ། ཐོག་མར་ནད་དཔྱད་བྱེད་འགན་འཁུར་བ་དང་ཉེན་ཆེའི་ནད་ཕོག་པའི་ནད་པ་མྱུར་སྐྱོབ་བྱེད་པ་སོགས་སྨན་བཅོས་སྤུས་ཚད་དོ་དམ་གྱི་ལྟེ་བའི་ལམ་ལུགས་དོན་འཁྱོལ་མ་བྱས་པས། ཉེན་ཆེའི་ནད་པར་མྱུར་སྐྱོབ་དང་སྨན་བཅོས་བྱེད་འགོར་དུ་ཕྱིན་ནས་ཀུན་གྱིས་དོ་ཁུར་བྱས་ཤིང་། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས། ཞིབ་འཇུག་བྱས་པ་བརྒྱུད། ཞི་ཨན་གྱི་ཀའོ་ཞིན་སྨན་ཁང་དང་ཞི་ཨན་རྒྱལ་སྤྱིའི་གསོ་རིག་ལྟེ་གནས་སྨན་ཁང་ལ་ཐག་གཅོད་བསམ་འཆར་འདོན་རྒྱུ་གཤམ་གསལ།
     གཅིག ཞི་ཨན་ཀའོ་ཞིན་སྨན་ཁང་གི་ཐག་གཅོད་བསམ་འཆར།
     1. ལས་མཚམས་བཞག་ནས་ཟླ་བ་གསུམ་རིང་དག་ཐེར་བྱེད་རྒྱུ་དང་དག་ཐེར་ལེགས་བཅོས་ཀྱི་དུས་ཡུན་ཐིམས་ནས་ཚད་གཞི་ལོན་རྗེས་བསྐྱར་དུ་སྒོ་ཕྱེ་ཆོག
     2. ཐ་ཚིག་སྒྲོག་པ།
     3. ཞི་ཨན་གྱི་ཀའོ་ཞིན་སྨན་ཁང་ལ་སྨན་ཁང་གི་འགན་འཁུར་བའི་འགན་འཁྲི་བདའ་འདེད་བྱེད་རྒྱུ་དང་། སྤྱི་ཁྱབ་སྤྱི་གཉེར་བའི་འགན་འཁྲི་མཚམས་འཇོག་རྒྱུ། སྒོ་བསྟེན་སྨན་བཅོས་ཁང་གི་ཀྲུའུ་རེན་དང་། བུ་བཙའི་ཚན་ཁག་གི་ཀྲུའུ་རེན། སྨན་བཅོས་པུའུ་ཡི་ཀྲུའུ་རེན་གཞོན་པ་བཅས་ཀྱི་གོ་གནས་འཐེན་རྒྱུ།
     4. གྲོང་ཁྱེར་ཡོངས་སུ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་ཏེ་སྨན་ཁང་དེའི་འགན་འཁུར་བ་གཙོ་བོར་སྐོང་འདྲི་བྱས་པ་མ་ཟད། སྨན་ཁང་དེར་ནད་པ་དང་ཁྱིམ་མིར་སེམས་གསོ་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་དཀྲིས་ཡོད།
     གཉིས། ཞི་ཨན་རྒྱལ་སྤྱིའི་གསོ་རིག་ལྟེ་གནས་ཀྱི་སྨན་ཁང་གི་ཐག་གཅོད་བསམ་འཆར།
     1. ལས་མཚམས་བཞག་ནས་ཟླ་བ་གསུམ་རིང་དག་ཐེར་བྱེད་རྒྱུ་དང་དག་ཐེར་ལེགས་བཅོས་ཀྱི་དུས་ཡུན་ཐིམས་ནས་ཚད་གཞི་ལོན་རྗེས་བསྐྱར་དུ་སྒོ་ཕྱེ་ཆོག 
     2. ཐ་ཚིག་སྒྲོག་པ།
     3. ཞི་ཨན་རྒྱལ་སྤྱིའི་གསོ་རིག་ལྟེ་བའི་སྨན་ཁང་ལ་སྨན་ཁང་གི་འགན་འཁུར་པའི་འགན་འཁྲི་བདའ་འདེད་བྱེད་རྒྱུ་དང་། སྨན་ཁང་གི་ཁྲིམས་མིའི་འཐུས་ཚབ་དང་ཏུང་ཧྲི་ཀྲང་གི་གོ་གནས་འཐེན་རྒྱུ། ཡོན་ཀྲང་གཞོན་པའི་འགན་འཁྲི་མཚམས་འཇོག་རྒྱུ། སྒོ་བསྟེན་སྨན་བཅོས་ཁང་གི་ནད་གཡོག་འགོ་བའི་འགན་འཁྲི་མཚམས་འཇོག་རྒྱུ་ཡིན། 
     4. གྲོང་ཁྱེར་ཡོངས་སུ་བརྡ་ཁྱབ་བཏང་ནས་སྐྱོན་བརྗོད་བྱས་ཏེ་སྨན་ཁང་དེའི་འགན་འཁུར་བ་གཙོ་བོར་སྐོང་འདྲི་བྱས་པ་དང་འབྲེལ། སྨན་ཁང་དེར་ནང་མིར་སེམས་གསོ་གཏོང་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་དཀྲིས་ཡོད།
     སྨན་ཁང་གཉིས་ཀས་ལས་མཚམས་འཇོག་པའི་དུས་ཚོད་ད་ལྟ་ནས་འགོ་བཟུང་བ་ཡིན་པ་དང་། དག་ཐེར་བཅོས་སྒྲིག་དུས་ཡུན་ཐིམས་ནས་ཚད་གཞི་ལོན་རྗེས་བསྐྱར་དུ་སྒོ་ཕྱེ་ཆོག ཁོངས་གཏོགས་ཁུལ་གྱི་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ཞབས་ཞུ་ཡག་པོ་བྱ་ཆེད། ཞི་ཨན་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《ཀའོ་ཞིན་ཁུལ་གྱི་སྨན་ཁང་གཉིས་སུ་སྨན་བཅོས་བྱེད་མཚམས་འཇོག་རིང་མང་ཚོགས་ཀྱི་རྒྱུན་གཏན་སྨན་བཅོས་འགན་སྲུང་གི་ལས་ཀའི་ཇུས་གཞི》བཟོས་ནས་བྱ་ཐབས་རབ་དང་རིམ་པར་བརྟེན་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་འགན་སྲུང་བྱས་ཡོད།