འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་14ཉིན།

༄༅།།ཡེ་མེན་གྱི་ཟིང་འཁྲུག་འཕྲལ་ཏུ་མཚམས་འཇོག་རྒྱུའི་འབོད་སྐུལ་བྱས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་14ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་12ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞོན་པ་ཏའེ་པེང་གིས། འཁྲུག་རྩོད་སྔ་ཙམ་མཇུག་བསྒྲིལ་ན་ཚེ་སྲོག་དེ་བས་མང་བ་སྐྱོབ་ཐུབ་པ་མཚོན་ཞིང་། ཡེ་མེན་གྱི་གདོང་ཐུག་ཕྱོགས་ཁག་གིས་འཕྲལ་དུ་དམག་མཚམས་འཇོག་དགོས་པ་དང་། བཟོད་སྒོམ་ཆེ་ཤོས་ཀྱི་ཐོག་ནས་དུས་བབ་རྙོག་འཛིང་ཆེ་རུ་འགྲོ་བའི་བྱེད་སྤྱོད་མཐའ་དག་མི་ཐོན་པ་བྱེད་དགོས་ཞེས་བཤད་པ་རེད།
   ཉིན་དེར་ཏའེ་པེང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡེ་མེན་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག  འདས་ཟིན་པའི་དུས་སྐབས་ཤིག་རིང་ཡེ་མེན་གྱི་དུས་བབ་ཟང་ཟིང་ཆེ་བ་དང་། གདོང་ཐུག་ཕྱོགས་ཁག་གི་དགྲ་ར་འཛིན་བྱ་སྤྱོད་ཤུགས་ཆེར་ཕྱིན་པ་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་སེམས་ཁྲལ་བྱེད་ཀྱི་ཡོད།
   ལོ་གསར་པའི་ནང་། ཡེ་མེན་མི་དམངས་ལ་མ་འོངས་པའི་ཡིད་ཆེས་དང་རེ་བ་ཐོབ་དགོས་ཀྱི་ཡོད། ཡེ་མེན་གྱི་ཕྱོགས་ཁག་གིས་ཆབ་སྲིད་ཀྱི་འདུན་པ་བཟང་པོ་མཐའ་འཁྱོངས་ཀྱིས་ལྷག་བསམ་ཟོལ་མེད་ངང་བསམ་འཆར་བརྗེ་རེས་བྱས་ཏེ། སྔ་ཙམ་ནས་དོན་དངོས་དང་མཐུན་ལ་སྤྱོད་གོ་ཆོད་པའི་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞི་མཚམས་འཇོག་རྒྱུའི་རེ་བ་ཡོད། ཡེ་མེན་གྱི་གནད་དོན་དེ་མཚོ་ཁུག་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་དང་འབྲེལ་བ་ཡོད་ལ། ས་ཁུལ་གྱི་དུས་བབ་ཀྱིས་ཀྱང་ཡེ་མེན་གྱི་དུས་བབ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་དང་རྒྱལ་ཁབ་ཀྱིས་ཡེ་མེན་གྱི་གནད་དོན་ཐད་ཁ་ཏ་བསླབ་བྱ་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་འབོད་བྱ་རྒྱུ་ཡིན་པས་དེ་ནི་ཕྱོགས་ཁག་གི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད་ཅེས་བརྗོད། 
   ཏའེ་པེང་གིས་ཡེ་མེན་གྱི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་། ཡེ་མེན་དམངས་ཚོགས་ཁྲི་1560ཧ་ཅང་དབུལ་པོའི་གནས་སུ་གྱརཡོད། ཡེ་མེན་གྱི་མི་ཆོས་ཉམས་ཉེན་ཞི་ལྷོད་དང་ཡེ་མེན་གྱི་དཔལ་འབྱོར་དུས་བབ་ལེགས་སུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡེ་མེན་གྱི་དཔལ་འབྱོར་སྒྲོམ་གཞིའི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས། དུས་མཚམས་དབྱེ་ནས་དུས་ཐུང་དང་དུས་ཡུན་རིང་འབྲིང་གི་རོགས་སྐྱོབ་བྱེད་ཐབས་ལག་ལེན་བསྟར་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡེ་མེན་ལ་མ་དངུལ་དང་དངོས་ཟོག་གི་རོགས་སྐྱོར་མུ་མཐུད་བྱས་ནས་ཡེ་མེན་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རོགས་སྐྱོབ་རྣམ་གྲངས་རྒྱུན་འཁྱོངས་བྱེད་དགོས། ཡེ་མེན་ཕྱོགས་ཁག་གིས་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་བརྩི་སྲུང་ཞུས་ནས་མི་ཆོས་ཀྱི་ཆོག་འཐུས་འགན་ལེན་བྱས་ཏེ་མི་སེར་དང་ལྷག་པར་དུ་བུད་མེད་དང་བྱིས་པ་སོགས་ཉམས་ཞན་མང་ཚོགས་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡེ་མེན་སྲིད་གཞུང་གིས་དཔལ་འབྱོར་དམངས་འཚོའི་ཁྱབ་ཁོངས་སུ་དགེ་མཚན་ལྡན་པའི་བྱ་ཐབས་སྤྱད་དེ་རྡོ་སྣུམ་འབར་རྫས་ཀྱི་ཁྲོམ་ར་ཚད་ལྡན་དུ་གཏོང་བ་དང་ནོར་སྲིད་ལས་དོན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བསྟན།