འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་14ཉིན།

༄༅།།ཨ་རིས་ཁྲའོ་ཞན་ལ་རེས་སྐོར་གསར་པའི་བཀག་སྡོམ་བྱ་རྒྱུའི་ཐད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་14ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་རིས་ཁྲའོ་ཞན་ལ་རེས་སྐོར་གསར་པའི་བཀག་སྡོམ་བྱ་རྒྱུའི་ཐད།
    མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་12ཉིན། ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་གྱིས་གསལ་བསྒྲགས་སྤེལ་ནས།ཁྲའོ་ཞན་གྱིས་ཚད་བརྒལ་སྒྲའི་མྱུར་ཚད་ལྡན་པའི་འཕུར་མདེལ་ཚོད་གཏོང་ལེགས་འགྲུབ་བྱུང་བར་དམིགས་ནས་ཨ་རི་སྲིད་གཞུང་གིས་རེས་སྐོར་གསར་པའི་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། དེའི་ཐད། ཚེས་13ཉིན་གྱི་ཕྱི་དྲོའི་ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་མགྲིན་ཚབ་པ་ཝང་ཝུན་པིན་གྱིས། རྒྱལ་ཁབ་གང་རུང་གིས་རང་གི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་གཞན་ལ་ཕྱོགས་རྐྱང་པས་བཀག་སྡོམ་དང་“དཔུང་རིང་པོས་བདག་སྐྱོང་”ལག་བསྟར་བྱེད་རིགས་ལ་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ངོ་རྒོལ་བྱེད་ཀྱི་ཡོད། འགུལ་ཙམ་གྱིས་འཕྲལ་དུ་བཀག་སྡོམ་བྱས་པ་ནི་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱ་རྒྱུར་ཕན་པ་མེད་པར་འགྲན་རྒོལ་བྱེད་སེམས་ཤུགས་ཇེ་ཆེར་འགྲོ་ངེས་རེད། ང་ཚོས་འབྲེལ་ཡོད་ཕྱོགས་ཀྱིས་གཏམ་སྤྱོད་གཟབ་ནན་དང་། གླེང་མོལ་དང་གྲོས་མོལ་གྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས། དུས་བབ་བརྟན་ལྷིང་ཡོང་བར་ཕན་པ་དང་ཕན་ཚུན་ཡིད་ཆེས་བྱེད་པའི་བྱ་བ་མང་ཙམ་སྒྲུབ་པ། ཕྱེད་གླིང་གི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐུན་མོང་ཐོག་འབད་བརྩོན་བཅས་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་བརྗོད།