འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་14ཉིན།

༄༅།།འདམ་གཞུང་བང་སོ་ནས་རྡོ་དཀར་ནག་གི་མིག་མངས་ཀྱི་རྡེའུ་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་14ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འདམ་གཞུང་བང་སོ་ནས་རྡོ་དཀར་ནག་གི་མིག་མངས་ཀྱི་རྡེའུ་རྙེད་འདུག
    མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཚེས་13ཉིན་འཚོགས་པའི“གནའ་རྫས་རྟོག་ཞིབ་ཀྱི་ཀྲུང་གོའི”རྣམ་གྲངས་གལ་ཆེན་གྱི་འཕེལ་རིམ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། གནའ་རྫས་རྟོག་ཞིབ་ལས་དོན་པས་བོད་ལྗོངས་འདམ་གཞུང་ནས་བང་སོ་སྔོག་འདོན་ཐུབ་པ་དེས་ བཙན་པོའི་དུས་སྐབས་ཀྱི་དུར་འཇུག་གོམས་སྲོལ་དང་ལམ་ལུགས་སྔར་བས་གསལ་སྟོན་བྱས་ཡོད་པ་རེད། བཙན་པོའི་དུས་སྐབས་ཀྱི་བང་སོ་ནས་རྡོ་དཀར་ནག་གི་མིག་མངས་རྡེའུ་དང་། རྩི་ཆས་ཆག་རོ། འཁེལ་འཐག་དངོས་པོ་སོགས་ཐོན་པའི་ཐོག་ནས་ཀྲུང་ཡོན་རིག་གནས་བར་ཆགས་པའི་འབྲེལ་བ་དམ་ཟབ་མཚོན་པ་དང་། དེ་ནི་མི་རིགས་ཁག་བར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་དོན་དངོས་ཀྱི་དཔང་རྟགས་གལ་ཆེན་ཞིག་རེད།