འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་14ཉིན།

༄༅།།མྱུར་སྐྱོབ་སྨན་རིན་སྔ་འདོན་བྱེད་པའི་དུས་ཚོད་ཆུ་ཚོད་72ནས་ཉིན་7བར་ནར་འགྱངས་བྱེད་རྒྱུ།

སྡེ་ཚན་ལྔ་ཡིས་བརྡ་ཐོ་བཏང་ནས་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་གྱི་སྤྱི་ཚོགས་རོགས་སྐྱོབ་ཐེབས་རྩ་སྤྱོད་ཚད་ཆེ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་14ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་ནོར་སྲིད་པུའུ་དང་། དངུལ་ཁང་ལྟ་འདོམས་ཨུ་ལྷན། སྤྱི་བདེ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ལས་དང་གྲོང་གསེབ་པུའུ་བཅས་ཀྱིས་བརྡ་ཐོ་བཏང་ནས། འབྲེལ་ཡོད་སྡེ་ཚན་ཁག་ལ་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བའི《འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་གྱི་སྤྱི་ཚོགས་རོགས་སྐྱོབ་ཐེབས་རྩའི་དོ་དམ་བྱེད་ཐབས》ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
    བརྡ་ཐོའི་ནང་ཁ་གསལ་བསྟན་དོན། མིག་སྔའི་དུས་མཚམས་སུ་འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲིམ་འགྲུལ་ལས་འཛོལ་གྱི་འགན་འཁྲིའི་བཙན་ཤེད་འགན་བཅོལ་འགན་དངུལ་གྱི་ཡོང་འབབ་ནས་1%ནས་2%བར་འཐེན་ཏེ་རོགས་སྐྱོབ་ཐེབས་རྩའི་ཡོང་ཁུངས་སུ་བརྩི་བ་དང་། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་གོང་གསལ་གྱི་ཚད་གཞིའི་ཁྱབ་ཁོངས་སུ་ས་ཁུལ་དེ་གའི་འཐེན་བཤེར་བསྡུར་གྲངས་ཞིབ་ཕྲ་གཏན་འཁེལ་བྱེད་པ། རོགས་སྐྱོབ་ཐེབས་རྩའི་རིམ་རྩིས་ལྷག་གྲངས་ལོ་འཁོར་གོང་མའི་གཏོང་སྒོའི་དངུལ་གྲངས་ཀྱི་ལྡབ་3ཡན་ཟིན་ཚེ་ལོ་འཁོར་འདིར་རེ་ཞིག་འཐེན་མཚམས་འཇོག་དགོས།
    བརྡ་ཐོའི་ནང་བླང་བྱ་བཏོན་དོན། རོགས་སྐྱོབ་བྱ་ཡུལ་གྱི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས། འགན་བཅོལ་བྱ་ཡུལ་འཕྲུལ་སྒུལ་འཁོར་རིགས་ཀྱི་མི་སྣ་དང་འགན་བཅོལ་བྱ་ཡུལ་གཉིས་རོགས་སྐྱོབ་བྱ་ཡུལ་དུ་བརྩིས་པ་དང་རོགས་སྐྱོབ་དུས་ཡུན་ནར་འགྱངས་བྱས་ནས། མྱུར་སྐྱོབ་སྨན་རིན་སྔ་འདོན་བྱེད་པའི་དུས་ཚོད་ཆུ་ཚོད་72ནས་ཉིན་7བར་ནར་འགྱངས་བྱེད་རྒྱུ་དང་། དམིགས་བསལ་གནས་ཚུལ་འོག་གི་མྱུར་སྐྱོབ་སྨན་རིན་ཉིན་7ལས་བརྒལ་ཚེ། སྨན་བཅོས་སྒྲིག་གཞིས་ཡིག་ཐོག་གསལ་བཤད་བྱེད་དགོས་པ་དང་། གཞན་ཡང་གཤིན་པོ་དུར་འཇུག་གི་རིན་པ་སྔ་འདོན་བྱེད་པའི་ཁྱབ་ཁོངས་ཆེ་རུ་བཏང་ནས། སྤུར་ཐལ་ཉར་ཚགས་དང་དུར་སྐྱེལ་སོགས་ཀྱི་ཞབས་ཞུའི་རིན་པ་སྔ་འདོན་བྱེད་པའི་ཁྱབ་ཁོངས་སུ་འཇུག་དགོས།
    ནུས་ཆེ་དང་དམངས་ཕན་གྱི་ཞབས་འདེགས་ཞུ་ནུས་ཆེ་རུ་བཏང་ནས་རོགས་སྐྱོབ་ཐེབས་རྩ་བདེ་འཇགས་དང་ནུས་ཆེའི་ངང་འཁོར་སྐྱོད་བྱས་ཤིང་། འགྲོ་ལུགས་གཉེར་བའི་དུས་ཡུན་ཐུང་དུ་བཏང་ནས་རོགས་སྐྱོབ་ཐེབས་རྩའི་དོ་དམ་སྒྲིག་གཞིའི་ཞིབ་བཤེར་དུས་ཚོད་ལས་ཀའི་ཉིན་5ནས་ཉིན་3བར་ཐུང་དུ་གཏོང་རྒྱུ་དང་། ཞིབ་བཤེར་གཏན་འབེབས་བྱས་རྗེས་ཀྱི་ལས་ཀའི་ཉིན་2ནང་ཚུན་དུ་མ་དངུལ་གཞན་སྒྱུར་བྱེད་རྒྱུ། སྔ་འདོན་བྱེད་པའི་བླང་བྱ་དང་མི་མཐུན་རིགས་དུས་ཐོག་ཏུ་འབྲེལ་ཡོད་ཕྱོགས་ལ་གསལ་བཤད་བྱེད་རྒྱུ། ཐད་སྦྲེལ་ཁ་པར་བཙུགས་ནས་ཉིན་མཚན་དབྱེར་མེད་ཀྱི་ལས་རེས་ལམ་ལུགས་བཙུགས་ནས་དུས་ཐོག་ཏུ་བདག་སྤྲོད་དང་ཞིབ་བཤེར་གཏན་འབེབས་ཀྱི་སྔ་འདོན་བྱེད་པའི་རེ་འདུན་འགན་ལེན་བྱེད་རྒྱུ་བཅས་རེད།