འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་14ཉིན།

༄༅།།2021ལོར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་20འཕར་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་14ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། 2021ལོའི་ལོ་འཁོར་མོར་རང་རྒྱལ་གྱི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་19.95འཕར་བ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་3150འཕར་ཡོད་པ་རེད། 2021ལོའི་ཟླ་12པའི་ཟླ་མཇུག་བར། རང་རྒྱལ་གྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་198.51ཟིན་པ་དེ་དུས་མཚུངས་ལས་11.3%འཕར་བ་དང་། མི་དམངས་ཤོག་སྒོར་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི་192.69ཟིན་པ་དེ་དུས་མཚུངས་ལས་11.6%འཕར་ཡོད་པ་རེད།
    བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2021ལོར་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་འཕར་ཚད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་31.35ཟིན་པའི་ནང་། དངོས་ཚན་དཔལ་འབྱོར་ལ་བཏང་བའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི་19.94འཕར་ཡོད་པ་རེད།
    2021ལོའི་ཟླ་12པའི་ཟླ་མཇུག་ཏུ། རྒྱལ་ཁབ་ཀྱི་ཕྱི་དངུལ་གསོག་འཇོག་ལྷག་གྲངས་ཨ་སྒོར་དུང་ཕྱུར་ཁྲི་3.25དང་། མི་དམངས་ཤོག་སྒོར་གྱི་འཛའ་ཐང་ནི་ཨ་སྒོར་1ལ་མི་དམངས་ཤོག་སྒོར་6.3757བརྗེ་གི་ཡོད།