འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་13ཉིན།

༄༅།།ཤིན་ཅང་ཟང་ཟིང་དུ་གཏོང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཟེར། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་13ཉིན། 16:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་12ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱེད་མཁན་ཀྲུང་གོའི་འཐུས་ཚབ་ཚོགས་པའི་མགྲིན་ཚབ་པས་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཉུང་ཤས་ཤིག་གིས“ཡུ་གུར་རིགས་ཀྱི་ཁྲིམས་རའི་ཁྲིམས་བཅད”ཅེས་པའི་དྲ་ཐོག་གྲོས་ཚོགས་འཚོགས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། རྒྱལ་ཁབ་དང་སྟོབས་ཤུགས་གང་རུང་དང་། མི་སུ་ཞིག་གིས་ཤིན་ཅང་ཟང་ཟིང་དུ་གཏོང་བ་དང་ཀྲུང་གོར་ནག་བཟོ་བྱེད་པའི་རེ་ངན་བཅངས་པར་ཕམ་ཉེས་ཡོང་ངེས་ཡིན་པ་བསྟན་ཡོད།
     མགྲིན་ཚབ་པས་བསྟན་དོན། “ཡུ་གུར་རིགས་ཀྱི་དམིགས་བསལ་ཁྲིམས་ར”ཞེས་པ་ནི་མིང་ངན་ཡོངས་སུ་ཁྱབ་པའི་ཀྲུང་གོར་ངོ་རྒོལ་བྱེད་པའི་ཁ་ཕྲལ་རྩ་འཛུགས་ཏེ“འཛམ་གླིང་ཡུ་གུར་ཚོགས་པས”ཨ་རི་དང་ནུབ་ཕྱོགས་ཀྱི་ཀྲུང་གོར་ངོ་རྒོལ་བྱེད་མཁན་སྟོབས་ཤུགས་ཀྱིས་ཁ་ལོ་སྒྱུར་བ་དང་རོགས་དངུལ་སྤྲད་པའི་འོག་ཀྲུང་གོར་རྒོལ་མཁན་ཉུང་ཤས་ཤིག་བསྡུ་རུབ་བྱས་ནས་གཡོ་སྒྱུ་མགོ་སྐོར་གཏོང་བའི་ཆབ་སྲིད་ཀྱི་ཡོ་བྱད་ཅིག་རེད། “ཁྲིམས་ར”ཟེར་བ་དེར་བཅའ་ཁྲིམས་ཀྱི་ཐོབ་ཐང་གང་ཡང་མེད་ལ། ཀུན་གྱིས་ཡིད་ཆེས་བྱེད་པའི་ནུས་པ་གང་ཡང་མེད་པར་དངུལ་བཏང་ནས་མགོ་སྐོར་གཏོང་མཁན་ལ་སྐད་བཏང་ནས། རྫུན་གཏམ་ཉོ་བ་དང་། དཔང་པོ་རྫུན་མ་བྱེད་པའི་ཟློས་གར་བཙོག་པོ་དམར་རྗེན་དུ་འཁྲབ་སྟོན་བྱས་པ་རེད། “ཁྲིམས་ར”དང་དེ་བཞིན“ཁྲིམས་བཅད”ཅེས་པ་ནི་ཀྲུང་གོར་ངོ་རྒོལ་བྱེད་མཁན་གྱིས་རང་རྩོམ་རང་འཁྲབ་བྱས་པའི་ཆབ་སྲིད་ཀྱི་དགོད་བྲོ་བའི་ཟློར་གར་ཞིག་དང་། བཅའ་ཁྲིམས་དང་གནས་ཚུལ་ངོ་མར་ཕོག་ཐུག་བཏང་བ་ཞིག་ཡིན་པས་ཕྱོགས་ཞེན་མེད་པའི་མི་སུ་ཞིག་ཡིན་རུང་ཚང་མ་མགོ་སྐོར་འོག་ཏུ་ཚུད་མི་སྲིད། དགོད་བྲོ་བའི་བྱ་བ་འདི་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་བ་གང་ཡང་མེད་ལ། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་ཆེའི་ཁོངས་ཞུགས་རྒྱལ་ཁབ་ཀྱིས་ངོ་རྒོལ་དང་བཀག་འགོག་བྱེད་ངེས་རེད།