འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་13ཉིན།

༄༅།།མངའ་རིས་ཀྱིས་ལུག་600དང་རིམས་འགོག་སྨན་ཐུམ་5556བསྐྱལ་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་13ཉིན། 15:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
རོགས་སྐྱོར་དངོས་ཟོག་བླུགས་པའི་ལྗིད་ཐེག་རླངས་འཁོར་བཞི་བོད་ལྗོངས་མངའ་རིས་ས་ཁུལ་ནས་ཧྲའན་ཞི་ཞིང་ཆེན་དུ་བསྐྱོད་པ་རེད།
རོགས་སྐྱོར་དངོས་ཟོག་བླུགས་པའི་ལྗིད་ཐེག་རླངས་འཁོར་བཞི་བོད་ལྗོངས་མངའ་རིས་ས་ཁུལ་ནས་ཧྲའན་ཞི་ཞིང་ཆེན་དུ་བསྐྱོད་པ་རེད། 
     མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་7ཉིན་གྱི་སྔ་དྲོར་ཟོག་འདྲེན་རླངས་འཁོར་བཞི་ཡི་ནང་རིམསའགོག་སྨན་ཐུམ་དང་། ལུག་ཤ་གསར་པ། གཏེར་ཆུ་སོགས་རོགས་སྐྱོར་དངོས་ཟོག་བླུགས་ནས་བོད་ལྗོངས་མངའ་རིས་ས་ཁུལ་ནས་ཧྲའན་ཞི་ཞིང་ཆེན་དུ་བསྐྱོད་དེ་གངས་ལྗོངས་ས་མཐོའི་སྨོན་འདུན་སྐྱེལ་བ་རེད། 
     ཧྲའན་ཞི་ཞིང་ཆེན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱ་ཆེད། ཧྲའན་ཞིའི་ཁ་གཏད་བོད་སྐྱོར་ས་ཁུལ་དང་གྲོང་ཁྱེར་ཡིན་པའི་ངོས་ནས། བོད་ལྗོངས་མངའ་རིས་ས་ཁུལ་གྱིས་ཧྲའན་ཞི་ཞིང་ཆེན་ལ་སྤྱིའི་རིན་ཐང་སྒོར་ཁྲི་90རི་བའི་རོགས་སྐྱོར་དངོས་ཟོག་གྲབས་གསོག་བྱས་པའི་ནང་གཏེར་ཆུ་1191དང་། ལུག་600“རིམས་འགོག་སྨན་ཐུམ”5556བཅས་ཚུད་ཡོད་པ་རེད།
     མངའ་རིས་ས་ཨུའི་ཧྲུའུ་ཅི་གཞོན་པ་དང་སྲིད་འཛིན་རྒྱུན་ཨུ་གཞོན་པ་ཀྲང་ཞའོ་ཕིང་གིས“རོགས་སྐྱོར་དངོས་ཟོག་དེ་དག་གིས་མངའ་རིས་ས་ཁུལ་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ཧྲའན་ཞི་མི་དམངས་ལ་སེམས་ཁུར་དང་སྨོན་འདུན་ཞུས་པ་མཚོན་ཡོད། ནད་ཡམས་ཀྱི་སྤྲིན་ནག་ཡལ་ནས་སྐྱ་འོད་མདུན་ཕྱོགས་སུ་འཆར་ངེས་རེད། ཧྲའན་ཞི་མི་དམངས་ཀྱིས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་མཐའ་མའི་རྒྱལ་ཁ་སྔ་ཙམ་ཐོབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བཤད་པ་རེད།
ཧྲའན་ཞི་ཞིང་ཆེན་དུ་དབོར་གྲབས་ཡོད་པའི་ལུག་ཤ་གསར་བ་རེད།
ཧྲའན་ཞི་ཞིང་ཆེན་དུ་དབོར་གྲབས་ཡོད་པའི་ལུག་ཤ་གསར་བ་རེད།