འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་13ཉིན།

༄༅།།གློག་སྒུལ་འཕྲུལ་རྟ་འབར་ནས་མི་3རྨས་པར་སྒོར་ཁྲི་122འཇལ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་13ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཁྲིམས་གཅོད་ཡིག་རིགས་དྲ་རྒྱའི་ཐོག་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་དམངས་དོན་བཅད་ཁྲ་ཞིག་ལས་མངོན་གསལ། ཨན་ཧུའེ་མ་ཨན་ཧྲན་སྡེ་ཁུལ་ཞིག་གི་ཡ་ཏིའི་གློག་སྒུལ་འཕྲུལ་རྟ་ཞིག་གི་གློག་ཆས་མེ་ཤོར་བ་དང་། མེས་ཚ་གསུམ་མེ་ལས་འབྲོ་དུས་འཚིག་རྨས་ཚད་མི་འདྲ་བ་ཕོག་ཡོད། ཕྱོགས་ཁག་གིས་ལས་འཛོལ་གུན་གསབ་སྐོར་ལ་གྲོས་མཐུན་བྱུང་དཀའ་བར་བརྟེན། རྨས་མ་དང་ཁོང་ཚོའི་ནང་མིས་ཐོན་སྐྱེད་ཚོང་ཁང་ཕྱོགས་ཏེ་ཡ་ཏི་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི(གཤམ་དུ་ཡ་ཏི་ཚོགས་པ་ཞེས་བརྗོད་རྒྱུ)དང་བྲིན་ཚོང་བྱེད་མཁན་དང་དེ་བཞིན་འཁོར་བདག་སོགས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་རེད། འདྲི་གཅོད་དང་པོར་ཁྲིམས་ཁང་གིས་ཡ་ཏིའི་ཚོགས་པ་ལ་སྒོར་ཁྲི་122.42ཡི་སྐྱིན་ཚབ་འཇལ་རྒྱུའི་ཁྲུན་ཐག་བཅད་པ་དང་། དེ་བྱིངས་ཀྱི་གྱོང་གུན་རྣམས་འཚོང་མཁན་དང་དེ་བཞིན་རླངས་འཁོར་གྱི་བདག་པོ་སོགས་ཀྱིས་སྐྱིན་ཚབ་འཇལ་དགོས་པའི་ཁྲུན་ཐག་བཅད་པ་རེད། བཅད་ཁྲ་ཁྱབ་བསྒྲགས་བྱས་རྗེས། ཡ་ཏིའི་ཚོགས་པ་སོགས་ཀྱིས་གོང་གཏུག་བྱས་པར་གོང་གཏུག་ཚང་མ་ཕྱིར་སློག་བྱས་པ་རེད།    
    2021ལོའི་ཟླ་12ཚེས་27ཉིན། ཀྲུང་གོ་ཁྲིམས་གཅོད་ཡིག་རིགས་དྲ་རྒྱའི་ཐོག་《ཡ་ཏི་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི་དང་མ་ཨན་ཧྲན་གྲོང་ཁྱེར་ཧྭ་ཧྲན་ཁུལ་ཧོང་ཀྲི་རླངས་འཁོར་ལས་རིགས་སོགས་ཁེ་དབང་ལ་བཙན་གནོད་བཏང་བའི་འགན་འཁྲིའི་རྩོད་གཞིའི་དམངས་དོན་འདྲི་གཅོད་གཉིས་པའི་དམངས་དོན་བཅད་ཁྲ》(2021)དང་། ཨན་ཧུའེ05དམངས་བདག1913པ།)བཅས་ཡོངས་བསྒྲགས་བྱས་པ་དང་། ཁྲུན་ཐག་བཅད་ཡིག་ནང་གྱོད་གཞི་དེའི་འབྲེལ་ཡོད་གནས་ཚུལ་ཞིབ་ཕྲ་ཁྱབ་བསྒྲགས་བྱས་ཡོད།