འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་13ཉིན།

༄༅།།བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ་ཁག་བཞི་པ་བདེ་བླག་ངང་འཛུགས་གཏོད་བྱས་པ། རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ་ཁག་བཞི་པ་བདེ་བླག་ངང་འཛུགས་གཏོད་བྱས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་13ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར། གཞིས་རྩེ་གྲོང་ཁྱེར་ལ་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་ནས་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ་ཁག་བཞི་པ་བདེ་བླག་ངང་འཛུགས་གཏོད་བྱས་པ་རེད།
     གྲོང་ཁྱེར་རིག་གནས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2018ལོའི་ཟླ་4པར། གཞིས་རྩེ་གྲོང་ཁྱེར་ལ་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ་ཁག་བཞི་པའི་གྲོང་ཁྱེར་འཛུགས་གཏོད་ཀྱི་ཐོབ་ཐང་རག་པ་ནས་བཟུང་། རིག་གནས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་སྐྲུན་མགྱོགས་སུ་གཏོང་བའི་རྨང་གཞིའི་ལས་དོན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རིག་གནས་དམངས་ཕན་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་གྱི་དཔེ་མཛོད་ཁང་དང་། མང་ཚོགས་སྒྱུ་རྩལ་ཁང་། ཇོ་མོ་གླང་མའི་ཟློས་གར་ཁང་ཆེ་མོ། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་འགྲེམས་ཚོང་ལྟེ་གནས་བཅས་ཀྱི་རྣམ་གྲངས་བསྐྲུན་ནས་སྤྱོད་འགོ་ཚུགས་པ་དང་བསྟུན་ཏེ། གཞིས་རྩེ་ཟློས་གར་ཁང་དང་། ཧྲང་ཧའེ་ལུས་རྩལ་ཐང་། རྟེན་རྫས་བཤམས་མཛོད་ཁང་། ཇོ་མོ་གླང་མའི་གློག་བརྙན་ཁང་བཅས་འཁོར་རྒྱུག་ཡག་པོ་བྱུང་ཡོད། ཤང་གྲོང(ཁྲོམ་གཞུང)204ལ“ཁང་བཞི་དང་ཚོམས་ཆེན་གཅིག”(དཔེ་དེབ་ལྟ་ཀློག་ཁང་དང་། གསོ་སྦྱོང་ཁང་། རོལ་རྩེད་བྱེད་སྒོ་ཁང་། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་ཀྱི་གཞི་རིམ་ཞབས་ཞུ་ཁང་། ནུས་མང་ཚོམས་ཆེན)གི་ཚད་གཞིའི་ཕྱོགས་བསྡུས་རིག་གནས་ས་ཚིགས་ཡོངས་སུ་ཁྱབ་པ་དང་། སྲིད་འཛིན་གྲོང་ཚོ(སྡེ་ཁུལ)1673གྱི་རིག་གནས་ཁང་དང་ཞིང་པའི་དཔེ་དེབ་ཁང་ཁྱབ་ཚད་100%ཟིན་པ་རེད།