འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་13ཉིན།

༄༅།།ན་ནིང་མཚོ་སྔོན་ཞིང་ཆེན་གྱིས་སྤྲོ་གསེང་ཞིང་ལས་ལ་བརྟེན་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་1700ལྷག་ཙམ་ལ་སྣེ་ལེན་ཞུས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་13ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2021ལོར་མཚོ་སྔོན་ཞིང་ཆེན་དུ་སྤྲོ་གསེང་ཞིང་འབྲོག་ལས་གཉེར་སྐྱོང་བྱེད་པོ་སྣ་ཚོགས་2778ཡོད་པ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི་1769.23ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མ་ལས་19.07%དང་8.66%སོ་སོར་འཕར་ནས། ལས་གཉེར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་19.40ཟིན་པ་རེད།
     2021ལོར། མཚོ་སྔོན་ཞིང་ཆེན་གྱིས་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་ལས་དོན་དེ་ལྗང་མདོག་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་བྱ་སྤྱོད་འཆར་གཞིའི་ནང་བཅུག་སྟེ་སྐུལ་འདེད་བཏང་བ་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་གཏོད་རྒྱུ་གོ་སྐབས་སུ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ཏེ་ཞིང་འབྲོག་ལས་ཀྱི་བྱེད་ནུས་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་ཀྱི་མངོན་མེད་རིན་ཐང་སྔོག་འདོན་བྱེད་པ། ཞིང་འབྲོག་པའི་ལས་རྣམ་གསར་པ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ལས་བརྒལ་བ་དང་། ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས་བཅས་གསུམ་ཀ་ཡོད་པ། ཞིང་ལས་དང་། རིག་གནས། ཡུལ་སྐོར་མཉམ་འདྲེས་བཅས་ཀྱི་ཐོན་ལས་མ་ལག་ཅིག་འགྲུབ་པར་བྱས་ཡོད།