འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་13ཉིན།

༄༅།།རོང་བྲག་རྫོང་གི་གློག་ཚུགས་ལ་ཆུ་བརྡོལ་དོན་རྐྱེན་བྱུང་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་13ཉིན། 13:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རོང་བྲག་རྫོང་གི་གློག་ཚུགས་ལ་ཆུ་བརྡོལ་དོན་རྐྱེན་བྱུང་བ།
    གསར་འགོད་པས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རོང་བྲག་རྫོང་ཨུད་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱས་པར། ཚེས་12ཉིན་གྱི་ཆུ་ཚོད་13དང་སྐར་མ་40ཙམ་ལ་རོང་བྲག་རྫོང་བྲག་འགོ་གྲོང་རྡལ་ཆུ་སུམ་མདོ་ཀོན་ཀྲོའུ་གློག་ཚུགས་བཟོ་ཁང་དུ་ཆུ་བརྡོལ་དོན་རྐྱེན་བྱུང་ཞིང་། དོན་རྐྱེན་གྱིས་ཉམས་གསོ་མི་སྣ་11ཉེན་ཁའི་གནས་སུ་གྱར་བ་དང་། ཉིན་དེའི་ཆུ་ཚོད་21ཐོག་མི་1རྐྱེན་ལམ་དུ་ཤོར་བ་དང་མི་2བསྐྱབས་ཐུབ་ཡོད། གློག་ཚུགས་ཉེ་འཁོར་གྱི་ཁང་པ་དང་རླངས་འཁོར་ཁག་གཅིག་ཆུས་བསྣུབས་པ་དང་། རྒྱལ་ལམ་350ཡི་K1111+950ལམ་མཚམས་ཆད་པ་རེད།
   རོང་བྲག་རྫོང་གིས་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ནས་འཕྲལ་སྡོམ་དང་། སྤྱི་བདེ། མེ་ཟོན། སྨན་བཅོས་འཕྲོད་བསྟེན། ཆུ་བེད། གློག་ཤུགས། འཕྲིན་གཏོང་སོགས་སྡེ་ཚན་ཡུལ་དངོས་སུ་བསྐྱོད་དེ་ཉེན་སེལ་རོགས་སྐྱོབ་ལས་དོན་སྤེལ་བཞིན་ཡོད། མིག་སྔའི་བར་རོགས་སྐྱོབ་མི་སྣ་400ལྷག་ཙམ་དང་། འཕྲུལ་ཆས་ཁག་ཐེངས་15བཏང་བ་དང་།མང་ཚོགས་150ཕྱིར་འཐེན་བྱས་པ་རེད། མིག་སྔར་རོགས་སྐྱོབ་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད་པ་རེད།
༄༅།།རོང་བྲག་རྫོང་གི་གློག་ཚུགས་ལ་ཆུ་བརྡོལ་དོན་རྐྱེན་བྱུང་བ།
༄༅།།རོང་བྲག་རྫོང་གི་གློག་ཚུགས་ལ་ཆུ་བརྡོལ་དོན་རྐྱེན་བྱུང་བ།