འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་13ཉིན།

༄༅།།བོད་ལྗོངས་ཀྱི་དེ་སྔའི་ཐིང་རིམ་པའི་ལས་བྱེད་པ་ཞིག་འཛིན་བཟུང་བྱས་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་13ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཐེན་ཧའེ་ཚོགས་པའི་དེ་སྔའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཏུང་ཧྲི་ཀྲང་གཞོན་པ། སྤྱི་ཁྱབ་ཅིང་ལི། བོད་ལྗོངས་འགྲིམ་འགྲུལ་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིའི་གནས་སྐབས་འགན་འཁུར་བ་བཅས་ཡིན་པའི་བསོད་ནམས་(ཐིང་རིམ་པ་གཞོན་པ)ལ་ལྐོག་རྔན་ལེན་པའི་གྱོད་གཞི་ཡོད་པས། བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་རྩིས་སྤྲད་པ་རེད། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་བསྒྲུབ་རྒྱུའི་རྩིས་སྤྲོད་རྗེས།ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་བྱས་ནས་ཞུ་གཏུག་བྱས་པ་རེད། ཉེ་སྔོན། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་ལེན་པའི་ཉེས་གསོག་དོགས་ཡོད་ཐོག་ནས་བསོད་ནམས་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། གྱོད་གཞི་འདི་སྒྲུབ་བཞིན་པའི་སྒང་རེད་འདུག