འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་12ཉིན།

༄༅།།ལྷ་སའི་སྨན་ཚོང་ཁང་འདིར་དངུལ་ཆད་སྒོར་ཁྲི་10བཅད་འདུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་12ཉིན། 16:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་མཁོ་འདོན་བྱས་པའི་ཁུངས་སྣེར་གཞིགས་ཏེ་ཉང་བྲན་ལམ་དུ་གནས་པའི་སྒོ་བསྟེན་སྨན་བཅོས་ཁང་ཞིག་ལ་བྲིན་ཚོང་དང་གཉེར་སྐྱོང་བྱེད་དོགས་ཡོད་པའི་གོ་ཆོད་དུས་ཡུན་ལས་བརྒལ་བའི་སྨན་རྫས་ལ་ཞིབ་བཤེར་བྱས་ཚེ། ཡུལ་དངོས་སུ་ནོ་ཏེ་ཧྲེང་རྟགས་ཅན་གྱི་སྐེད་པ་ན་བའི་སྨན་དང་ཡུན་ཕེང་རྟགས་ཅན་གྱི་ཕི་ཞི་ཁང་སྨན་སོགས་གོ་ཆོད་དུས་ཡུན་ལས་བརྒལ་བའི་སྨན་རྫས་ཞིབ་བཤེར་བྱས་ནས་རྩད་ཆོད་པ་རེད།
     བརྟག་དཔྱད་བྱས་པ་བརྒྱུད། སྒོ་བསྟེན་འདིས་གཉེར་སྐྱོང་བྱེད་པའི་གོང་གསལ་གོ་ཆོད་དུས་ཚོད་ལས་བརྒལ་བའི་སྨན་རྫས་ཐད་དངོས་ཟོག་དང་མཉམ་བསྐུར་རྩིས་ཁྲ་འདོན་སྤྲོད་མི་ཐུབ་པ་མ་ཟད། དངོས་ཟོག་ཕྱིར་ཚོང་གི་རྩིས་ཁྲའང་འདོན་སྤྲོད་མི་ཐུབ་པས་སྒོ་བསྟེན་གཉེར་སྐྱོང་བས་གོ་ཆོད་དུས་ཚོད་ལས་བརྒལ་བའི་སྨན་རྫས་སྤྱོད་པའི་བྱེད་སྤྱོད་ཁས་ལེན་བྱས་པ་རེད། བྱ་སྤྱོད་དེས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་རྫས་དོ་དམ་བཅའ་ཁྲིམས》ཀྱི་གཏན་འབེབས་ལས་འགལ་བ་དང་། བེད་སྤྱོད་བྱེད་པའི་སྨན་རྫས་གོ་ཆོད་པའི་དུས་ཚོད་ལས་བརྒལ་བའི་བྱ་སྤྱོད་དུ་གྲུབ་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་རྫས་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བདུན་པའི་གཏན་འབེབས་ལྟར། དོ་བདག་ལ་དུས་ཡུན་ལས་བརྒལ་བའི་སྨན་རྫས་གཞུང་བཞེས་བཏང་བ་དང་སྲིད་འཛིན་ཐོག་ནས་དངུལ་ཆད་སྒོར་ཁྲི་10བཅད་པ་རེད། 
     ཁྲེང་ཀོན་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གྱོད་གཞི་དེ་ཞིབ་བཤེར་ཐག་གཅོད་བྱས་པ་དེས་ཁོངས་གཏོགས་ཁུལ་གྱི་སྨན་རྫས་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་ནུས་ལྡན་དུ་བཏང་བ་དང་། སྨན་རྫས་གཉེར་སྐྱོང་ཚན་པ་གཞན་དག་ལ་ཉེན་ཟོན་གྱི་ནུས་པ་བཟང་པོ་ཐོན་ཡོད་ཅེས་བཤད་པ་རེད། གོམ་སྟབས་རྗེས་མར། ཁྲེང་ཀོན་ཆུས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་དོ་དམ་གྱི་ཕན་འབྲས་ཆེ་རུ་ཧུར་ཐག་བཏང་སྟེ་སྨན་རྫས་ཁྲོམ་ར་བདེ་འཇགས་དང་གོ་རིམ་ལྡན་པར་འགན་ལེན་ནུས་ལྡན་བྱ་རྒྱུ་རེད།