འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་11ཉིན།

༄༅།།ནུབ་རྒྱུད་འཐབ་ཁུལ་ནས་མཚོ་སྔོན་འཇུ་ལག་གི་ས་ཡོམ་ཐད་འཕྲལ་སྡོམ་སྔོན་ ཇུས་ལག་ལེན་བསྟར་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་11ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་1ཚེས་8ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་ལ་ས་ཡོམ་རིམ་པ་6.9བརྒྱབ་རྗེས་ནུབ་རྒྱུད་འཐབ་ཁུལ་གྱིས་དེ་མུར་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ནས་འབུམ་ཤོག་ཆེ་མོ་ཞིག་ལ་སྔོན་ཚུད་བཀའ་རྒྱ་བཏང་བ་དང་ཡོམ་ལྟེའི་ཉེ་འཁོར་དུ་བཅའ་སྡོད་བྱེད་མཁན་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་མི་1200ལྷག་ཙམ་སྐོང་བསྡུ་བྱས་ནས་རོགས་སྐྱོབ་བྱེད་པར་བསྐྱོད་རྒྱུའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་པ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་དམག་ཁུལ་ཁང་ནས་དཔོན་དམག་དང་ཡུལ་དམག་མངགས་ཏེ་ས་གནས་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་གིས་གྲལ་བཤེར་རོགས་སྐྱོབ་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་པ་རེད།
     ནུབ་རྒྱུད་འཐབ་ཁུལ་གྱིས་གནོད་འཚེའི་འགྱུར་ལྡོག་འཕྲལ་མར་ཤེས་ཐུབ་པ་དང་། དམག་དཔུང་དང་ས་གནས་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། རོགས་སྐྱོབ་གྲ་སྒྲིག་གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་དགོས་མཁོ་ཡོད་ཚེ་དཔུང་སྡེ་འཕྲལ་མར་དོན་ཐུབ་པ་དང་ཐག་གཅོད་ནུས་ལྡན་ཐུབ་པའི་འགན་ལེན་བྱ་རྒྱུ་རེད།