འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་11ཉིན།

༄༅།།ལེ་ཧྲེན་བྱམས་ཆེན་ལ“ནད་དཔྱད”བྱས་པ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་11ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལེ་ཧྲེན་བྱམས་ཆེན་ལ“ནད་དཔྱད”བྱས་པ།
    མི་དམངས་དྲ་བའི་འཕྲིན། ལེ་ཧྲེན་བྱམས་ཆེན་ནི་འཛམ་གླིང་དུ་ས་ལ་བཞུགས་ཡོད་པའི་རྡོ་སྐུ་ཆེ་ཤོས་དེ་ཡིན་ཞིང་། མཐོ་ཚད་ལ་སྨི་70ལྷག་ཡོད་ཅིང་། ད་ལྟའི་བར་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་རེད། བྱམས་ཆེན་དེ་ནི་རྒྱལ་མོ་རྔུལ་ཆུ་དང་ཆིང་དབྱི་གཙང་པོ། མིང་ཅ་གཙང་པོ་བཅས་གཙང་པོ་གསུམ་འདྲེས་མཚམས་ཀྱི་བྲག་རི་དམར་པོ་ཞིག་གི་ངོས་སུ་བཞེངས་ཡོད་ཅིང་། “རི་བོ་ཞིག་ནི་སྐུ་ཡིན་ཞིང་། སྐུ་དེ་ལ་ནི་རི་བོའོ།།” 
   ཡིན་ན་ཡང་། རི་ངོས་བྱེ་དམར་ཟེགས་རྡོ་ཡིན་པའི་རྐྱེན་གྱིས་རླུང་ཟད་ཀྱི་གནོད་པ་ཚབས་ཆེན་ཕོག་ནས། བྲག་ངོས་ཁ་ཤས་སུ་བྱེ་འདམ་དུ་གྱུར་ཅིང་ཐུག་པ་ཙམ་གྱིས་གོག་འགྲོ། 
    དེ་ཡང་བརླན་གཤེར་དང་ཆར་ཆུ་འབེལ་བ། བྲག་རྡོ་ལ་བརྟེན་པའི་རང་བཞིན་སོགས་ཀྱི་རྐྱེན་པས། དུས་ཡུན་རིང་པོ་ནས་བཟུང་། ལེ་ཧྲེན་བྱམས་ཆེན་ལ་ཆུའི་གནོད་པ་དང་སྐྱེ་དངོས་ཀྱི་གནོད་པ། རླུང་ཟད་ཀྱི་གནོད་པ། ཞིག་གསོའི་རིམ་ངོས་གས་ནས་ལྷུངས་པ་སོགས་ཀྱི་གནད་དོན་མངོན་གསལ་དོད་པོར་གྱུར་ཡོད། 
    ཡུལ་སྐོར་བ་ཚོའི་མཐོང་ལམ་དུ་བྱམས་ཆེན་ནི་དུས་རྒྱུན་དུ“ཞལ་ལ་དྲི་མ་འགོས་ཤིང་། ལུས་ལ་རྩྭ་སྐྱེས་པ་དང་། གས་ཁ་དོད་པ”ཞིག་ཡིན། དེ་སྔ་གཞི་རྒྱ་ཆེ་བའི་ཞིག་གསོ་ལེགས་འགྲུབ་བྱུང་ནས་ད་བར་ལོ་གསུམ་ཡང་འགོར་མེད་ཀྱང་། ལེ་ཧྲེན་བྱམས་ཆེན་སྲུང་སྐྱོབ་བྱ་རྒྱུ་དེ་ནི་མ་ལག་རང་བཞིན་དང་རྩ་བའི་ཆ་ནས་ཐག་གཅོད་བྱེད་དགོས་ཐུག་ཡོད། 
   ཚེས་8ཉིན། སི་ཁྲོན་ཞིང་ཆེན་རིག་དངོས་ཅུས་ཀྱིས་རྒྱལ་ཡོངས་ཀྱི་རིགས་གཅིག་མཁས་དབང་གྲགས་ཅན་མང་པོ་ཞུགས་པའི་བྲག་ཕུག་སྲུང་སྐྱོང་བཞུགས་མོལ་ཚོགས་འདུ་སྒྲིག་འཛུགས་བྱས་ཤིང་། སི་ཁྲོན་ལེ་ཧྲེན་གྲོང་ཁྱེར་དུ་ལེ་ཧྲེན་བྱམས་ཆེན་ལ “ནད་དཔྱད”བྱས་ནས། “ཆུ་བཅོས་ཐབས་ཀྱི་སྨན་ཐོ” བྲིས་པ་རེད། 
    ཀྲུང་གོ་རིག་གནས་རྗེས་ཤུལ་ཞིབ་འཇུག་ཁང་དང་ཏུན་ཧོང་ཞིབ་འཇུག་ཁང་། སི་ཁྲོན་ཞིང་ཆེན་རིག་དངོས་གནའ་རྫས་ཞིབ་འཇུག་ཁང་སོགས་ནས་ཡོང་བའི་རིགས་གཅིག་མཁས་དབང་ཚོས་ཡུལ་དངོས་སུ་རྟོག་ཞིབ་བྱས་པར་བརྒྱུད། 
    ལེ་ཧྲེན་བྱམས་ཆེན་ལ་གནོད་འཚེ་སྣ་མང་ཡོད་པ་དང་། “ནད་རྐྱེན”གཙོ་བོ་ནི་ཆུའི་གནོད་པ་ཡིན་པ་ངོས་འཛིན་གཅིག་མཐུན་བྱུང་ཡོད།  
   ཆུའི་གནད་དོན་དང་། གས་ཁ་བྱུང་ས། རླུང་ཟད་འགོག་པར་ཞིག་གསོ་ལ་རྒྱུ་ཆ་གང་དག་སྤྱོད་པ་དང་། བྱམས་ཆེན་ལ་ལྷ་ཁང་བཞེངས་ནས་ནང་དུ་འཇུག་མིན། ཡུལ་སྐོར་བ་ཐེག་ཚད་ཚོད་འཛིན་སོགས་ཀྱི་ཐད་དུ་མ་ལག་རང་བཞིན་གྱི་འཆར་འགོད་དང་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། 
   འདི་ནི་སྤྱི་ཡོངས་རང་བཞིན་གྱི་ལས་དོན་ཞིག་ཡིན་པ་དང་། ཆེད་ལས་ཚན་ཞིབ་ཚོགས་པས་དུས་ཡུན་རིང་པོ་ལ་ཞིབ་འཇུག་བྱེད་དགོས། 
   ཤེས་རྟོགས་བྱུང་བར་གཞིགས་ན། 1914ལོ་ནས་བཟུང་། ལེ་ཧྲེན་བྱམས་ཆེན་ལ་སྔ་ཕྱིར་ཐེངས7ལ་གཞི་རྒྱ་ཆེ་བའི་ཞིག་གསོ་བྱས་མྱོང་ནའང་། མ་ལག་རང་བཞིན་དང་རྩ་བའི་ཆ་ནས་གནད་དོན་ཐག་བཅད་ཐུབ་མེད། 
༄༅།།ལེ་ཧྲེན་བྱམས་ཆེན་ལ“ནད་དཔྱད”བྱས་པ།
༄༅།།ལེ་ཧྲེན་བྱམས་ཆེན་ལ“ནད་དཔྱད”བྱས་པ།
༄༅།།ལེ་ཧྲེན་བྱམས་ཆེན་ལ“ནད་དཔྱད”བྱས་པ།