འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་11ཉིན།

༄༅།།རྒྱ་གར་དུ་ཉིན་རེར་ཏོག་གསར་ནད་དཔེ་ཁྲི་18ཙམ་བྱུང་བཞིན་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་11ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱ་གར་དུ་ཉིན་རེར་ཏོག་གསར་ནད་དཔེ་ཁྲི་18ཙམ་བྱུང་བཞིན་ཡོད།
   མི་དམངས་དྲ་བའི་འཕྲིན། རྒྱ་གར་འཕྲོད་བསྟེན་པུས་ཚེས་10ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞིར་གཞིགས་ན། སྔོན་ཆད་ཆུ་ཚོད་24ཡི་ནང་རྒྱ་གར་དུ་ནད་རྟགས་གཏན་འཁེལ་བྱས་པའི་ཏོག་གསར་ནད་པ་179723གསར་དུ་ཐོན་པས། རིམ་རྩིས་བྱས་ན་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་ཁྲི་3570ལས་བརྒལ་ཡོད་པ་རེད། ཚེ་འདས་ནད་དཔེ་146 བྱུང་བ་དང་། རིམ་རྩིས་བྱས་ན་ཚེ་འདས་ནད་དཔེ་483936ཟིན་ཡོད་པ་རེད།   
གྲངས་གཞི་ལས་མངོན་གསལ། 2021ལོའི་ལོ་མཇུག་རྒྱ་གར་རྒྱལ་ནང་དུ་ཉིན་རེར་ནད་རྟགས་གཏན་འཁེལ་གྱི་ནད་དཔེ་ཁྲི་ཟིན་མེད། ཟླ་འདིའི་ཚེས་1ཉིན་ལ་ནད་པ་ཁྲི་2ཙམ་བྱུང་བ་དང་། དེ་རྗེས་ཚེས་10ཉིན་གཅིག་ལ་ནད་པ་ཁྲི་18ཙམ་བྱུང་བ་རེད། མིག་སྔར་རིམས་ནད་ཀྱི་གནས་ཚུལ་ཚབས་ཆེ་ཤོས་འབྱུང་ས་ནི་རྒྱལ་ས་རྡི་ལི་གསར་པ་དང་འབོམ་འབེལ་སོགས་གྲོང་ཁྱེར་ཆེ་གྲས་ཡིན་པ་རེད།
   རིམས་ནད་ཀྱི་ཤུགས་རྐྱེན་ལ་ཁ་གཏད་གཅོག་ཆེད། རྒྱ་གར་གྱི་ས་ཁུལ་མང་པོ་ཞིག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད། རྒྱ་གར་སྲིད་གཞུང་གིས་རིམས་འགོག་སྨན་ཁབ་རྒྱག་པའི་ཁྱབ་ཁོངས་ཆེ་རུ་བཏང་ནས་རིམས་འགོག་སྨན་ཁབ་རྒྱག་པའི་མྱུར་ཚད་མགྱོགས་སུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
༄༅།།རྒྱ་གར་དུ་ཉིན་རེར་ཏོག་གསར་ནད་དཔེ་ཁྲི་18ཙམ་བྱུང་བཞིན་ཡོད།
༄༅།།རྒྱ་གར་དུ་ཉིན་རེར་ཏོག་གསར་ནད་དཔེ་ཁྲི་18ཙམ་བྱུང་བཞིན་ཡོད།