འཚོལ་བཤེར།   
藏文频道
2022ལོའི་ཟླ་1ཚེས་11ཉིན།

༄༅།།རྡོ་རྗེ་པདྨ་2021ལོའི་གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས་སུ་བདམས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་11ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་པུའུ་ཡིས་ཉེ་ཆར་སྤྱི་ཚོགས་ཡོངས་ལ་2021ལོའི་“གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས་”ཀྱི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་པ་རེད། 
   ཐེངས་འདིར་ཁྱབ་བསྒྲགས་བྱས་པའི་2021ལོའི་“གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས་”ཁྲོད་དུ་བདམས་ཐོན་བྱུང་བའི་མི་20དང་མིང་འདོན་བྱ་དགའ་ཐོབ་པའི་མི17ཚུད་ཡོད་པ་རེད། 
    དེའི་ཁྲོད་དུ་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་ཀྱི་རིམ་པ་དང་པོའི་ཉེན་རྟོག་དཔོན་པོ་དང་སྒ་ཤ་གྲོང་ཚོའི་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་རྡོ་རྗེ་པདྨ་2021ལོའི་“གཞི་རིམ་མི་དམངས་ཉེན་རྟོག་པ་ཡག་ཤོས་”སུ་བདམས་ཡོད་པ་རེད།